ཨ་སྒོར་འབུམ་ ༡ དངུལ་ཁང་དུ་ལུས།

དངུལ་ཁང་ནས་རང་གི་བསག་དངུལ་རྣམས་འདོན་མ་ཐུབ་པའི་མི་ཞིག་ཟླ་སྔོན་མར་འདས་གྲོངས་སུ་གྱུར་འདུག

ཁྱིམ་གཞིས་མེད་པའི་ལྷོ་ཀོ་རི་ཡའི་མི་ཞིག་གིས་རང་གི་བསགས་དངུལ་རྣམས་དངུལ་ཁང་ནས་འདོན་མ་ཐུབ་པར་དབུལ་ཕོངས་ཀྱིས་གནས་སུ་གྱར་ཏེ། འདས་གྲོངས་སུ་གྱུར་ཡོད་འདུག གནས་ཚུལ་སྤེལ་བ་ལྟར་ན་ཁོང་གིས་དངུལ་ཁང་ནས་དངུལ་འདོན་མ་ཐུབ་པའི་རྒྱུ་མཚན་ནི་དངུལ་ཁང་དུ་དེབ་སྐྱེལ་བྱས་པའི་དེབ་སྐྱེལ་མིང་ཐོ་མ་དྲན་པས་ཡིན་འདུག

མི་དེས་ ༡༩༩༣ ལོ་ནས་དངུལ་ཁང་བེད་སྤྱོད་བྱས་ཤིང་མཐར་ཨ་སྒོར་འབུམ་གཅིག་བསགས་ཐུབ་པ་བྱུང་ཡོད་ཀྱང་། དེབ་སྐྱེལ་མིང་ཐོ་བརྗེད་ཟིན་སྟབས་དངུལ་འདོན་མ་ཐུབ་པར་ཟླ་སྔོན་མའི་ནང་ Cancer ནད་ཚས་མནར་ཏེ་འདས་གྲོངས་སུ་གྱུར་འདུག་པ་མ་ཟད། མི་དེས་རང་གི་དངོས་མིང་དང་སྐྱེས་ཁོངས་སོགས་ཀྱང་ཤེས་ཀྱི་མེད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply to བློ་བཟང་རབ་དགའ། Cancel Reply

2 thoughts on “ཨ་སྒོར་འབུམ་ ༡ དངུལ་ཁང་དུ་ལུས།

  1. བློ་བཟང་རབ་དགའ།

    ཁྱད་མཚར་ལ།་དེ་ལྟབུའི་དཀའ་ངལ་ཡང་ལྷོ་ཀོ་རི་ཡ་གཞུང་གིས་བསེལ་མ་ཐུབ་ཡ་མཚན་རེད།་་་་གཅིག་བྱས་ན་ཁོང་ལ་ཁྱིམ་གཞིས་སོགས་རྒྱབ་རྟགས་གང་ཡང་མེད་པས་དངུལ་ཁང་ནས་དྲང་བདེན་མ་བྱས་པ་མིན་འགྲོ།་་ད་དུང་མི་དེ་ཕལ་ཆེར་བརྗེད་ངད་ཆེ་བའི་ཨ་ཁུ་འཕག་པ་ཟེར་བ་དེ་ཡང་མིན་འགྲོ་རང་ཉིད་ཀྱི་མིང་སོགས་བཤད་རྒྱུ་མེད་པ།