ཐེ་ཝན་གྱི་རང་བཙན་ཚོགས་པ་དང་མང་གཙོ་ཡར་ཐོན་ཚོགས་པས་ཐེ་ཝན་སྲིད་འཛིན་གཞུང་ལ་ངོ་རྒོལ་བྱས་འདུག
ཕྱི་ཚེས་ ༡༢ ཉིན་ནི་ཐེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་མ་ཡེན་ཇོའུ་ཐེ་ཝན་སྲིད་འཛིན་དུ་བསྡད་དེ་ལོ་གཅིག་འཁོར་བའི་ཉིན་ཡིན་ལ། ཉིན་དེར་ཐེ་ཝན་རང་བཙན་ཚོགས་པ་དང་མང་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་ཁོང་གིས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
ད་ལྟའི་ཐེ་ཝན་སྲིད་འཛིན་མ་ཡེན་ཇོའུ་ཡིས་ཐ་ཝན་གྱི་སྲིད་འཛིན་མཚན་གནས་བཞེས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་ཉིན་དེར། ཁོང་གི་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་འབུམ་ཕྲག་གསུམ་ཙམ་གྱིས་ཉིན་རྒྱབ་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཚོགས་མི་ཆིག་འབུམ་ཙམ་ཞིག་མཚན་གུང་སྲིད་འཛིན་ལས་ཁུངས་ཀྱི་མདུན་དུ་བསྡད་དེ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག ཕྱོགས་འགལ་ཚོགས་པས་ངོས་ནས་ད་ལྟའི་སྲིད་འཛིན་མ་ཡེན་ཇོའུ་གཞུང་གིས་ཐེ་ཝན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་ལ་འགན་ལེན་བྱེད་ཐུབ་ཀྱི་མེད་པ་མ་ཟད། ཚོང་འབྲེལ་ཐོག་རྒྱ་ནག་དང་འབྲེལ་བ་ཡག་ཏུ་བཏང་བ་སོགས་ཀྱིས་མི་མང་འདོད་བློ་ཁེངས་གི་མེད་པའི་སྐྱོན་འཛུགས་བྱས་ཡོད་འདུག