ཀོང་རི་སི་ལ་སླར་ཡང་རྒྱལ་ཁ་ཐོབ་ཐལ་ཟེར།

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་རིང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ཟླ་གཅིག་རིང་གི་འོས་བསྡུའི་མཐའ་མ་འདིར་ཀོང་རི་སི་དང་ཁོ་ཚོའི་མནའ་འབྲེལ་དག་ལ་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐེངས་གཉིས་པ་དེ་ཐོབ་སོང་ཟེར།

རྒྱ་གར་ཡིད་ཆེས་གསར་འགྱུར་ཁང་ལྟར་ན། ཀོང་རི་སིའི་དབུ་ཁྲིད་ Motilal Vora ཡིས་གསུངས་དོན། ང་ཚོས་འོས་བསྡུ་འདི་གཙང་མར་ཐོབ་པར་བྱེད་གི་ཡིན། ཀོང་རི་སི་དང་དེའི་མནའ་འབྲེལ་ཚོགས་པ་དག་གིས་རྒྱ་གར་གྱི་གཞུང་འཛིན་གསར་པ་དེ་འགྲུབ་པར་བྱེད་གི་ཡིན་ཅེས་བཤད་ཡོད་ལ། ཧིན་རྡུའི་རིང་ལུགས་ཀྱི་ཚོགས་ཁག་ བྷེ་ཇེ་པེ་ཡི་དབུ་ཁྲིད་ Arun Jaitley ཐེངས་འདིའི་ཕམ་ཉེས་དེ་ཁས་ལེན་བྱས་དོན། ང་ཚོས་མི་དམངས་ཀྱི་ཐག་གཅོད་ལ་ངོས་ལེན་བྱེད་གི་ཡིན། དོན་དག་འགའ་རེ་ལམ་ལྷོང་མ་བྱུང་བ་དངོས་གནས་རེད། ཅེས་བཤད་ཡོད་འདུག

སི་ཨེན་ཨེན་གྱི་རྒྱ་གར་ཡན་ལག་ཁང་གི་ཚོད་དཔག་ལྟར་ན། ཀོང་རི་སི་ལ་རྒྱ་གར་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༥༤༣ ནས་ ༢༥༦ འཐོབ་རྒྱུ་ཡིན་པ་དང་། བྷེ་ཇེ་པེ་ལ་རྐུབ་སྟེགས་ ༡༥༩ འཐོབ་རྒྱུ་ཡིན་འདུག ཀོང་རི་སི་ལ་མནའ་འབྲེལ་ཚོགས་པ་གཞན་གྱི་ཚོགས་མི་མ་རྩིས་ན་རྐུབ་སྟེགས་ ༡༩༨ འཐོབ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།

འོས་ཤོག་གྲངས་བཤེར་གྱི་འཕེལ་ཕྱོགས་མུ་མཐུད་འདི་ལྟར་ཕྱིན་ཚེ་ཀོང་རི་སི་ལ་མངོན་གསལ་གྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མོད། རྒྱ་གར་གྱི་གཞུང་འཛིན་ཚོགས་པ་དེར་ཉུང་མཐར་རྐུབ་སྟེགས་ ༢༧༢ དགོས་ཀྱི་ཡོད་སྟབས། མནའ་འབྲེལ་ཚོགས་པ་གཞན་གྱི་རྒྱབ་སྐྱོར་མེད་ཚེ་ཀོང་རི་སི་གཅིག་པུར་འོས་ཤོག་ལོངས་ཀྱི་མེད་ཚུལ་བརྗོད་ཡོད་པ་རེད།

རྒྱ་གར་གྱི་རྩ་ཁྲིམས་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་གསར་པ་དེ་ཕྱི་ཟླ་ ༦ ཚེས་ ༢ ཉིན་དངོས་སུ་ཚུགས་དགོས་ཀྱི་ཡོད་འདུག

རྒྱལ་ཡོངས་འོས་བསྡུའི་ལྷན་ཁང་ལྟར་ན། རྒྱ་གར་ལ་མི་འབོར་དུང་ཕྱིར་ ༡་༢ ཡོད་ཁོངས་ནས་འོས་ཤོག་རྩིས་མེད་ཕྱིན་མེད་མཁན་ས་ཡ་ ༧༡༤ ཡོད་ལ། སྤྱིའི་འོས་འཕེན་གྱི་གྲངས་འབོར་དེ་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༦༠ ལ་སླེབ་རྒྱུའི་ཚོད་རྩིས་བྱེད་ཀྱིན་ཡོད་ལ། ༢༠༠༤ ལོའོ་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་སྤྱིའི་འོས་འཕེན་གྱི་གྲངས་འབོར་དེ་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༥༨ ལ་བསླེབས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

8 thoughts on “ཀོང་རི་སི་ལ་སླར་ཡང་རྒྱལ་ཁ་ཐོབ་ཐལ་ཟེར།

  1. ར་ཧུང་གྷན་རྡེ་སྔོན་མ་དེར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རུ་ཡོང་བ་རེད། ཁོ་ཚོས་དེ་ལ་བྱིན་རླབས་ཞུ་ཟེར་གྱིན་འདུག གང་ལྟར་ད་རེབ་ཀྱང་ཁོང་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཤིང་། འཛམ་གླིང་ཞི་བདེ་དང་དམིགས་བཀར་ཨེ་ཤ་ཡའི་ཞི་བདེ། ལྷག་དོན་བོད་ནང་གི་གནས་སྟངས་ཐད་བཀའ་མོལ་འདྲ་གནང་། ཕྱག་ལས་འདྲ་གནང་རྒྱུ་ཡོད་མེད་བལྟས་ན་ཡག་པོ་ཡོད་པ་རེད།

  2. བློ་གྲོས་རྒྱལ་པོ།

    ཀོང་རེ་སི་ལ་རྒྱལ་ཁ་ཐོབ་ཐལ། འཇོ་ཇི་ཧྥ་ནན་དི་འོས་ཤོག་ཤོར་ཐེ། ཨ་ཌི་བ་ནེ་རླུང་ལངས་ནས་ན་ཐེ། ཨ་རོན་ཇེ་ཏི་ལེས་གསར་འགོད་པའི་དྲ་བར་ལན་མེད་ཟེར་ཐེ། མཉམ་འབྲེལ་གསུམ་པའི་རྨི་ལམ་སྟོང་པ་རྨིས་ཐེ། ད་ཅི་དྲག
    དུས་བབ་ཡར་རྒྱས་ལ་འགྲོ་ཐེ། ངའི་བསམ་པ་དགའ་ཐེ།

  3. ཀོང་རི་སི་ཚོགས་པར་ཐོབ་ན་འགྲིག་གི་འདུག ངས་ར་ཧུང་གྷན་རྡེ་ལགས་ལ་བཀའ་འདྲི་ཞིག་ཞུ་འདོད། ཁྱེད་ཀྱི་ཨ་མྱེས་ཀྱིས་བོད་འདི་རྒྱལ་ཚོགས་ཀྱི་ཙོག་ཙེ་སྒང་ནས་མར་དྲུད་ཡོང་སྟེ་ཏཱ་ལའི་བླ་མ་སྐུ་འཁོར་ལ་མེག་གྷན་གྱི་རི་མགོ་འདི་ནས་གནས་མལ་ཞིག་གཡར་བ་རེད། འདིའི་མཐར་ཐུག་གི་གོ་དོན་གང་འདྲ་ཞིག་ཡིན་གི་རེད།