ཚོགས་གཙོའི་ཕྱོགས་བསྐྱོད།

བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡན་ལག་ལས་ཁུངས་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་སྟེང་ཞུགས་ཀྱི་ཡིན་འདུག

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་ངྷ་ས་ནས་ཐོན་ཏེ་ཡུ་རོབ་རྒྱལ་ཁབ་གསུམ་ནང་མཛད་འཕྲིན་སྐྱོང་རྒྱུ་ཡིན་པ་དང་། ཐོག་མར་ཕྱི་ཚེས་ ༡༧ ཁོང་གིས་ནེ་ཌར་ལན་ཌིར་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཙུགས་ནས་ལོ་ ༡༠ འཁོར་བའི་མཛད་སྒོར་ཞུགས་ཏེ་ལས་བྱེད་རྣམས་ལ་ཐུག་འཕྲད་གནང་རྒྱུ་དང་། དེའི་རྗེས་ནས་ནེ་ཌར་ལན་ཌིར་གནས་སྡོད་བོད་མི་རྣམས་ལ་ཐུག་འཕྲད་གནང་རྒྱུ་རེད། ཕྱི་ཚེས་ ༡༨ ཉིན་ཁོང་ནེ་ཌར་ལན་ཌིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུག་རྒྱུ་རེད།

ཕྱི་ཚེས་ ༡༩ ཉིན་ཁོང་ཧྥ་རན་སིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Lionnel Luca ལ་ཐུག་འཕྲད་དང་། ཉིན་རྒྱབ་པཱ་རེ་སིར་རྟེན་གཞི་བྱས་པའི་རིག་པ་ཆོས་ཚོགས་ཀྱི་ཚོགས་ཁང་དུ་ཧྥ་རན་སིར་གནས་བཞུགས་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ་རེད། དེ་རྗེས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་་ean Francois Humbert ལགས་ལ་ཐུག་འཕྲད་གནང་རྒྱུ་རེད།

ཕྱི་ཚེས་ ༢༠ ཉིན་ཁོང་ཉིད་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ Vincent Poux ལགས་ལ་ཐུག་འཕྲད་གནང་རྒྱུ་རེད།

ཧྥ་རན་སིའི་མཛད་འཕྲིན་ཁག་གྲུབ་རྗེས་ཁོང་ཨི་ཊ་ལིར་ཕེབས་ཏེ། བྷོལ་ཛ་ནོ་དང་ལྷོ་ཊེ་ལོར། ཊུ་རེན་ཊོ་བཅས་མངའ་སྡེ་གསུམ་གྱི་གཞུང་འབྲེལ་མི་སྣར་ཐུག་འཕྲད་དང་། ཕྱི་ཚེས་ ༢༡ ཉིན་ནས་ ༢༤ བར་མཛད་འཕྲིན་ཁག་བསྐྱང་རྗེས་ཕྱི་ཚེས་ ༢༥ ནས་ ༢༦ བར་རོམ་རྒྱལ་སར་གཟིགས་སྐོར་དང་། ཕྱི་ཚེས་ ༢༩ ཉིན་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “ཚོགས་གཙོའི་ཕྱོགས་བསྐྱོད།

  1. བློ་གྲོས་རྒྱལ་པོ།

    མེ་རླུང་ཟེར་མཁན་འདིའི་ཁ་ནས་བཀྲིས་པའི་ཚིག་ཅིག་ཐོན་མི་ཤེས་པ་འདྲ། མི་མ་ཡིན་ཅིག་གིས་བརྒྱུད་བརླམ་པ་འདྲ། ད་ཅི་དྲག

  2. བློ་བཟང་རབ་དགའ།

    དེ་ན་དྲ་གྲོགས་རྩ་མེད་ཀྱང་ཀྱང་འདུག་་་་་་་་་་་་ན་ནིང་འགྲོ་སར་དུས་དང་བསྟུན་ས་རུབ་པ་ཕྱི་ལོར་ཉིན་གུང་བསྐྱོད་ཀྱང་ས་རུབ་བསམ་པ་གླེན་རྟགས་མ་རེད་པས།
    དྲ་གྲོགས་རྩ་མེད་ཚོས་གང་བྱུང་ལབ་རྡོལ་མི་གནང་བར་བསྟན་སྲིད་ལ་ཕུག་བསམ་དང་།་མི་རིགས་ལ་བརྩེ་བཅངས་ཀྱིས་སྐད་ཆ་འདྲ་བཤད་ན་མི་ལེགས་སམ།་་མ་གཞི་བོད་པ་ཟེར་བ་ཕྲག་དོག་གི་མྱོས་པ་དང་།་་་་རྒྱབ་བཤད་ཀྱིས་དུས་མདའ་རྒྱུ་ལྷན་སྐྱེས་སུ་ཡོད་འདྲ་ཞིག་འདུག་ག