ཨང་སིན་སུ་སྐྱིད་ལ་ཁྲིམས་བཤེར།

འབར་མའི་དམངས་གཙོ་དོན་གཉེར་བ་ཨང་སིན་སུ་སྐྱིད་དེ་རིང་གཟའ་ཟླ་བའི་ཉིན་བཙོན་འཇུག་ཁྲིམས་གཅོད་ཀྱི་ཆེད་ཁྲིམས་ཁང་དུ་ཁྲིད་ཡོད་པ་དང་། ད་རེབ་ཁོང་ལ་ལོ་ ༥ རིང་གི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུའི་ཉེན་ཁ་ཡོད་འདུག

དེ་རིང་ཁོང་ཡན་གྷོན་གྲོང་ཁྱེར་གྱི་Insein གྲོང་སྡེའི་དབུས་བཙོན་ཁང་དུ་འཁྲིད་སྐབས་ཁོང་གི་ཆབ་སྲིད་ཚོགས་པ་སྟེ། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མི་གྲངས་ ༢༠༠ ལྷག་གིས་ཨང་སིན་སུ་སྐྱིད་ལ་ཁྲིམས་གཅོད་བྱེད་སྐབས་ཕྱི་ལོགས་ནས་སྒུག་ཡོད་པ་དང་། བཙོན་ཁང་གི་ཕྱི་ལོགས་སུ་གོ་མཚོན་ཅན་གྱི་དྲག་ཆས་དམག་མི་དང་། དམག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣས་བཀག་ཡོད་འདུག བཤད་ཚུལ་ལ། ཉུང་མཐར་ཡང་ཁོང་གི་རྒྱབ་སྐྱོར་བ་གཅིག་དེ་རིང་འཇུས་ཡོད་འདུག

རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ལས་བྱེད་ཀྱིས་བཤད་དོན། ཉེན་རྟོག་པ་ཞིག་གིས་ཨང་སིན་སུ་སྐྱིད་དང་ཁོང་གི་ཕྱག་རོགས་བུད་མེད་གཉིས་བཅས་ལ་གྱོད་འཛུགས་བྱས་ཀྱང་། ཨང་སིན་སུ་སྐྱིད་ལགས་ཀྱིས་ཁྲིམས་ར་ནས་ཅི་ཡང་གསུང་མི་འདུག་ཟེར་ལ། ཁྲིམས་བཤེར་འདི་གཟའ་ཟླ་བ་དང་མིག་དམར་གཉིས་ཀྱི་ནང་ཐག་གཅོད་ཀྱི་ཡིན་འདུག

ཨང་སིན་སུ་སྐྱིད་ཀྱི་ཁྲིམས་རྩོད་པས་བཤད་དོན། ཨང་སིན་ལགས་ཀྱིས་ཁྲིམས་འགལ་ཅི་ཡང་གནང་མེད་པའི་བདེན་དོན་དེ་གསུང་བར་གྲ་སྒྲིག་གནང་ཡོད་ཟེར།

དཔྱད་བརྗོད་པ་དག་གིས་བཤད་ན། ཁྲིམས་བཤེར་འདི་ནི་ ༢༠༡༠ ལོར་ཚོགས་པ་སྣ་མང་གི་འོས་བསྡུ་མ་བསླེབ་པའི་གོང་དུ་ཨང་སིན་ལགས་བཙོན་དུ་འཇུག་རྒྱུའི་ངན་བྱུས་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཡུ་རོབ་སོགས་ཀྱིས་ཐེངས་འདིའི་ཁྲིམས་བཤེར་གྱི་ཐད་སྐྱོབ་བརྗོད་བྱས་ཡོད་ཀྱང་། འབར་མ་ནས་ཤིང་ཆ་དང་རླངས་རྫས། རང་བྱུང་གི་ཐོན་ཁུངས་སོགས་ལ་མིག་ཤོར་མཁན་ཨེ་ཤ་ཡའི་འདབས་འབྲེལ་རྒྱལ་ཁབ་ཁག་གིས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད་ལ། རྒྱ་གར་དང་རྒྱ་ནག་གཉིས་ཀྱང་ཅང་མི་སྨྲ་བའི་གྲས་སུ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “ཨང་སིན་སུ་སྐྱིད་ལ་ཁྲིམས་བཤེར།

  1. ༅།། བོད་ཀྱི་དུས་བབ་གསར་ཁང་གིསྨྱུ་གུ་འཛིན་མཁན་ཚོར་ཞུ་རྒྱུར།

    འོས་བསྡུ་མ་༼བསླེབ༽ཅེས་མ་འོངས་པ་སྟོན་པའི་བྱ་ཚིག་འདི་འགོད་སྟངས་ལ་བསམས་ན། ད་ཆ་སྨྱུག་ཐོགས་པ་ཚོས་ཞིབ་ཚགས་པོ་གནང་གིན་པ་མཐོང་དུ་ཡོད་པར་དགའ་གུས་ཞུ། ༼སྐྱོབ༽་བརྗོད་ཅེས་པ་ནོར། ༼སྐྱོན༽་བརྗོད་ཅེས་འབྲི་བ་དག་པ་ཡིན་ནོ།།

  2. ༅།། བོད་ཀྱི་དུས་བབ་གསར་ཁང་སྨྱུ་གུ་འཛིན་མཁན་ཚོར་ཞུ་རྒྱུར།

    འོས་བསྡུ་མ་༼བསླེབ༽ཅེས་མ་འོངས་པ་སྟོན་པའི་བྱ་ཚིག་འདི་འགོད་སྟངས་ལ་བསམས་ན། ད་ཆ་སྨྱུག་ཐོགས་པ་ཚོས་ཞིབ་ཚགས་པོ་གནང་གིན་པ་མཐོང་དུ་ཡོད་པར་དགའ་གུས་ཞུ། ༼སྐྱོབ༽་བརྗོད་ཅེས་པ་ནོར། ༼སྐྱོན༽་བརྗོད་ཅེས་འབྲི་བ་དག་པ་ཡིན་ནོ།།

  3. གླིང་བུ་བསོད་ནམས་ཚེ་རིང་།

    དཀོན་མཆོག་ཐུགས་རྗེ་ལྡན་པས་གཟིགས་ནས།
    ཁོང་མོ་ཁྲིམས་ར་ལས་རྒྱལ་བར་ཤོག