རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར།

རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་སྡུར་ཐེངས་ ༡༥ དེ་བཞུགས་སྒར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་ཚེས་ ༡ ནས་ཚེས་ ༡༠ བར་འགྲན་རྒྱུ་ཡིན་འདུག

ཚེས་ ༣༡ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་འགྲན་ཚོགས་ཐོག་མའི་མཛད་སྒོ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དང་ཉིན་འདིར་ཀཱང་ར་རྫོང་ཉེན་རྟོག་པའི་རྐང་རྩེད་སྤོ་ལོ་རུ་ཁག་དང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་སྤོལ་རུ་ཁག་གཉིས་ཀྱི་འགྲེམས་སྟོན་རྩེད་འགྲན་བྱ་རྒྱུ་ཡིན་འདུག ཟླ་ ༦ པའི་ཚེས་ ༡ ནས་ ཚེས་ ༡༠ ཉིན་བར་འགྲན་བསྡུར་དངོས་ཡིན་པ་དང་ཐེངས་འདིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ལ་ཞུགས་མཁན་བལ་ཡུལ་དང་ལྷོ་ཕྱོགས་སོགས་ནས་ཕེབས་པའི་རུ་ཁག་ ༡༩ ཡོད་འདུག རྐང་རྩེད་སྤོ་ལོ་འགྲན་བསྡུར་རིང་ལ་རྩེད་འགྲན་གྱི་ཤན་འབྱེད་པ་ཀཱང་ར་རྫོང་གི་ཉེན་རྟོག་པའི་སྤོ་ལོ་རུ་ཁག་ཡིན་པ་དང་། སྔར་ལོ་མཐའ་མའི་རྒྱལ་ཁ་ཐོབ་མཁན་དོན་གྲུབ་གླིང་རྐང་རྩེད་སྤོ་ལོ་རུ་ཁག་ཐེངས་འདིའི་རྩེད་འགྲན་ཁྲོད་ཞུགས་མི་འདུག   ཐེངས་འདིའི་རྩེད་འགྲན་ནི་རྐང་རྩེད་སྤོ་ལོ་འགྲན་སྡུར་དབུ་འཛུགས་གནང་བ་ནས་ད་བར་འཛུལ་ཞུགས་བྱེད་མཁན་གྱི་རུ་ཁག་མང་ཤོས་དེ་ཆགས་ཡོད་འདུག

བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་ཀྱིས། རྒྱལ་ཡུམ་ཆེན་མོ་རྐང་རྩེད་སྤོ་ལོ་འགྲན་བསྡུར་འདི་ཐོག་མར་བཞུགས་སྒར་རྡ་སར་མགོ་བརྩམས་པ་བཞིན་ད་ལོ་སླར་ཡང་རྩེད་འགྲན་ཐོག་མ་མགོ་འཛུགས་སར་སླེབས་ཐུབ་པ་བྱུང་ཡོད། བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པ་ཡིས་རྐང་རྩེད་སྤོ་ལོ་འགྲན་བསྡུར་འདིའི་འགན་བླངས་ནས་ལོ་འཁོར་ ༡༠ འཁོར་གྱིན་ཡོད། ཅེས་གསུངས་ཡོད།

རྩེད་འགྲན་འདི་ཐོག་མར་སྤྱི་ལོ་ ༡༩༨༡ ལོར་བོད་ཁྱི་སློབ་གྲྭའི་རྩིས་དཔོན་ཟུར་བ་ཇོ་བོ་ཚེ་རིང་གིས་གསར་འཛུགས་གནང་བ་ཡིན་པ་དང་། ལོ་ ༢༨ རིང་ལ་རྩེད་འགྲན་ཐེངས་ ༡༤ གནང་ཡོད་འདུག 

སྐལ་བཟང་དོན་གྲུབ་ལགས་ཀྱིས། རྐང་རྩེད་སྤོ་ལོ་འགྲན་བསྡུར་འདི་ནི་༧གོང་ས་མཆོག་གི་ཡུམ་གྱི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཡིན་པ་དང་། དེའི་རྐྱེན་གྱིས་རྐང་རྩེད་སྤོ་ལོ་རྩེད་འགྲན་འདིའི་མིང་ལ་རྒྱལ་ཡུམ་ཆེན་མོ་ཞེས་འབོད་ཀྱིན་ཡོད་ཅེས་ཀྱང་གསུངས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར།

  1. འོ་ལགས་སོ། བྱས་ན་ད་ལོའི་འཁྲུགས་པའི་དོ་རྭ་དེ་བཞུགས་སྒར་དུ་གོ་སྒྲིག་བྱས་ཡོད་ཡིན་པ་རེད། རྡོར་གླིང་སྤོ་ལོའི་རུ་ཁག་དེ་ཚོས་ད་རྡ་སར་སྔོན་མ་བཞིན་་རྔོ་ཉོ་བར་སོང་ནས་ཆོ་མེད། དེ་བས་སྨུག་པའི་ནང་”རམ་རོ་ཚཱ་”ཟེར་བསྡད་ན་ཡག་གི་རེད་དྲན་པ་ཡིན་འགྲོ།

  2. གཞིས་ལུས་མི་མང་ནི་སྲོག་གཅོད་དང་ཚེ་བཙོན། ལོ་བཙོན་སོགས་ཀྱི་འཇིགས་དངངས་ཉིན་རེ་ལས་ཉིན་རེར་ཇེ་ཆེའི་སྐབས་ཤིག་ཏུ་ཡོད། ང་ཚོས་འདིར་རྩེད་འགྲན་ཅིག་གལ་ཆེན་དོན་ཆེན་དུ་བཟུང་ནས་སྡོད་རྒྱུ་འོས་པོ་རང་དུ་མཐོང་མ་སོང༌། རྒྱང་རིང་གི་ཕ་ཡུལ་མི་མཐོང་ནའང༌། ཁ་སང་དེ་རིང་ཕ་ཡུལ་དུ་ཕྱིར་ལོག་པའི་ལས་འགུལ་བ་ཚོར་གཟིགས་དང༌། དམའ་མཐར་ཡང་ཁོང་ཚོར་གདུང་སེམས་མཉམ་སྐྱེད་ཅིག་གི་བསམ་བློ་འཁོར་དགོས་རྒྱུ་ལ། འདི་ཚོར་ཅིས་ཉེས་སམ།
    ད་ལོའི་ལོ་གསར་གྱི་སྐབས་ལ་གཞས་པ་ཁག་ཅིག་གིས་གཞས་བཏང་སོང༌། དེ་དངོས་འབྲེལ་ཡག་པོ་མ་རེད་ཅེས་བོད་གཞིས་བྱེས་གཉིས་ཀ་ནས་གླེང་སོང་ངཱ༌། ན་ནིང་ཚེ་སྲོག་བློས་གཏོང་བྱས་པའི་སྤུན་ཟླ་ཚོ་དང༌། ད་ལྟ་ཁྲིམས་ཆད་རིམ་པས་འགེལ་བཞིན་པའི་དཔའ་བོ་དཔའ་མོ་ཚོ་བསམ་བློའི་ནང་འཁོར་འོང་དུས། རྩེད་མོ་འདི་ཚོ་མ་རྩེས་ཆོག་རྒྱུ་ལ། ཐེངས་བཅུ་བཞི་ལ་རྩེས་ཡོད་ཅེས་ངར་ངར་རྫིག་རྫིག་གིས་གླེང་འོང་ནས་ཅི་བྱེད་འདོད་པ་ཡིན་ནམ།
    འགྲན་བསྡུར་མ་ཞུགས་པའི་རུ་ཁག་དེ་ཚོས་བསམ་བློ་ཡག་ག་ཞིག་བཏང་ཡོད་ཚོད། དེ་ཚོར་ཐུགས་རྗེ་ཆེ་ཞུའོ།།

  3. མི་ནག་ཚང་ལུང་རིགས་རྒྱལ།

    རྡོ་རྗེ་གླིང་གི་རུ་ཁག་དང་བཀའ་བློན་སྦུག ཞི་ལོང་། ལྡི་ལི། ཀ་ལོ་མན་ཊོན། ཨོ་རི་ས། ཀ་ཐ་མན་གྲུ་བཅས་ཀྱི་རུ་ཁག་རྣམས་ད་ལོར་འགྲན་ཞུགས་བྱས་མི་འདུག

  4. དབུས་ཕྲུག་ཚེ་རིང་།

    རྩེད་མོའི་རུ་ཁག་འདི་ཚོ་ང་ཚོར་དགོས་གལ་ཆེ། དོན་གྲུབ་གླིང་ངམ་ཀ་ལ་མན་ཌོན་གཞིས་ཆགས་ཀྱི་རྐང་སྤོལ་རུ་ཁག་འདི་ཅུང་ཡག་པོ་ཡོད་ཀྱང༌། སྐབས་འདིར་ཞུགས་མ་ཐུབ་པ་དེ་ནི་ལོ་སྔོན་མའི་དོན་རྐྱེན་གྱིས་ཡིན་ནམ། ཇི་ལྟར་ཡིན།