ལྕམ་ནན་སེ་པེ་ལོ་སི་མཆོག་རྒྱ་ནག་ལ་ཕེབས་རྒྱུ་རེད།

ཕྱི་ཚེས་ ༢༥ ཉིན་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ ནན་སེ་ པེ་ལོ་སི་ མཆོག་གིས་རྒྱ་ནག་ཏུ་བདུན་ཕྲག་གཅིག་རིང་པེ་ཅིན་དང་ཧྲང་ཧེ་རུ་གཟིགས་སྐོར་གནང་རྒྱུ་རེད།

ལྕམ་ ནན་སེ་ པེ་ལོ་སི་མཆོག་ནི་ཡོངས་གྲགས་སུ་ཨ་རིའི་མཐོ་རིམ་མི་སྣའི་ཁྲོད་པེ་ཅིན་ལ་ཁ་གཏད་གཅོག་མཁན་ཡིན་པ་དང་། ལོ་སྔོན་མར་ཁོང་གིས་སྲིད་འཛིན་བྷུ་ཤུ་པེ་ཅིན་གྱི་ཨོ་རྩེད་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོར་མི་ཕེབས་རྒྱུའི་འབོད་སྐུལ་ཞུས་པ་དང་། གསུམ་བཅུའི་དུས་དྲན་གྱི་དོན་རྐྱེན་རྗེས་ནས་བཞུགས་སྒར་དུ་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་བཅས་ལ་བརྟེན། རྒྱ་ནག་ནང་དུ་ཁོང་ལ་སྐྱོན་བརྗོད་དང་མི་དགའ་མཁན་ཇེ་མང་དུ་ཕྱིན་ཡོད།

ལྕམ་ ནན་སེ་ པེ་ལོ་སི་མཆོག་ནི་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ཐད་ངོ་རྒོལ་དང་ཡོངས་གྲགས་ཀྱིས་པེ་ཅིན་ལ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་ལ། ༡༩༩༡ ལོར་ཁོང་གིས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་ཆེད། རྒྱ་ནག་གི་དམངས་གཙོའི་ཆེད་དུ་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་ཡིན། ཅེས་འཕྲེད་དར་ཕྱར་བར་བརྟེན་ཁོང་དང་པེ་ཅིན་བར་གྱི་ཆབ་སྲིད་ཀྱི་ཚོར་ཤུགས་དེ་ཇེ་རྣོ་རུ་གྱུར་ཡོད། ཐེངས་འདིར་ཁོང་པེ་ཅིན་ལ་ཕེབས་དུས་འདིའང་ཚོར་ཤུགས་ཆེ་བའི་སྐབས་ཤིག་ཏུ་འཁེལ་ཡོད་ལ། ཁོང་པེ་ཅིན་དུ་འབྱོར་རྗེས་ཀྱི་ཉིན་ ༡༠ རྗེས་ནས་མི་ལོ་ ༢༠ སྔོན་གྱི་སློབ་ཕྲུག་སྡེབ་གསོད་ཀྱི་ཉིན་མོར་འཁེལ་གྱི་ཡོད།

ཁོང་གིས་ཐེངས་འདིར་གྲོས་ཚོགས་འོག་མའི་སྐུ་ཚབ་ཚོགས་པ་ཞིག་ཁྲིད་ནས་ཕེབས་ཀྱིན་ཡོད་ལ། ཁོང་གིས་ཐེངས་འདིར་ཁོར་ཡུག་དང་ནུས་ཤུགས་ཀྱི་གླེང་སྟེགས་སྟེང་དབུ་འབྱེད་གཏམ་བཤད་གནང་རྒྱུ་ཡིན་འདུག་ལ། ཞིབ་ཆའི་མཛད་འཕྲིན་ཁག་ཕྱིར་བསྒྲགས་གནང་མི་འདུག

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

8 thoughts on “ལྕམ་ནན་སེ་པེ་ལོ་སི་མཆོག་རྒྱ་ནག་ལ་ཕེབས་རྒྱུ་རེད།

  1. ནམ་མཁའ་བསྟན་འཛིན།

    ལྕམ་ནེན་སིན་པེ་ལོ་སིས་མཆོག་བོད་དོན་ལ་ཁ་ཞེ་གཉིས་མེད་གཉིས་ཀྱིས་རྒྱབ་བསྐྱོར་གནང་མཁན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་འདས་བའི་བདུན་ཕྲག་གཅིག་གི་སྔོན་གྲོས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ཞིག་ཏུ་འདས་བའི་ལོ་འགའི་རིང་དབུས་གསང་བའི་ciaལས་ཁུང་གིས་ཨ་བྷོ་གྷ་རབ་ཀྱི་བཙོན་པ་དག་ལ་འདྲི་གཅོད་སྐབས་ཁྲིམས་དང་མི་མཐུན་པའི་མནར་གཅོད་བྱས་བར་ཁ་རྡུང་དྲག་པོ་ཞིག་བཏངས་རྐྱེན་དབུས་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་པ་ཆེན་མོ་གཙོ་བྱས་བའི་སྤྱི་མཐུན་ཚོགས་པས་གཏམ་བཤད་དེ་ལ་རྒོལ་ལན་དང་། ལྕམ་པེ་ལོ་སི་ཡི་གཏམ་བཤད་དེ་ལ་དག་འདུལ་བྱེད་དགོས་སྐོར་སོགས་གླེང་རྙོག་ཆེན་པོ་འབྱུང་བཞིན་ཡོད་སྟབས། ད་ཐེངས་དམིགས་བསལ་གྱིས་དགོས་འདུན་ཅི་ཞིག་བཏོན་ཀྱང་ནུས་བ་ཐོན་རྒྱུ་ཁག་པར་མཐོང་།

  2. ལྕམ་ཁི་ལི་ཊོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་ཨ་རིའི་ཕྱི་ཚོང་གཉིས་རྒྱ་མར་བཏེགས་ནས་ཚོང་འབྲེལ་གཙོ་གནད་དུ་འཛིན་པ་རེད་ལ་ཁ་གཏིང་མི་མཚུངས་པ་ཞིག་བྱས་པས་བོད་པ་ཚོ་གཙོས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་དང་། རང་དབང་རྩོད་མཁན། མང་གཙོ་རྩོད་མཁན་རྣམས་ཧ་ལས་ཧོན་འཐོར་དགོས་པ་ཞིག་བཟོད་པ་རེད། འོན་ཀྱང་་་་་་་་ལྕམ་ནན་སི་མཆོག་གིས་དེ་འདྲ་མི་གནང་བའི་ཡིད་ཆེས་བརྟན་པོ་ཡོད།

  3. གངས་རིའི་གླིང་བུ།

    ལྕམ་ནན་སེ་པེ་ལོ་སི་མཆོག་ནི་དངོས་གནས་དྲང་བདེན་དང་ཞི་བདེ་ལ་དགའ་ཞིང་རང་དབང་བྲལ་བའི་མི་དམངས་ཚོའི་བདེ་སྡུག་ལ་བསམ་གཞིགས་གནང་སྟེ་ཁ་ཡོད་ལག་ཡོད་ཀྱིས་གདོང་ལེན་བྱེད་མཁན་ཞིག་ཡིན་པ་ང་རང་གིས་ཚོར་བྱུང་།་ལྷག་པར་དུ་ང་ཚོ་བོད་ཀྱི་བདེ་སྡུག་ལ་སེམས་ཁྲལ་དང་ང་ཚོ་མི་རིགས་འདི་ལ་ཤ་ཚ་དང་བྱམས་བརྩེ་ལྡན་པ་ཞིག་རེད།དེར་མ་ཟད་༧གོང་ས་མཆོག་ལའང་སེམས་སྟེང་ནས་ཡིད་ཆེས་དང་རྒྱབ་སྐྱོར་མུ་འཐུད་དུ་གནང་མཁན་ཞིག་རེད།་ཁོང་ནི་དངོས་གནས་ང་ཚོ་བོད་ཚང་ལ་བཀའ་དྲིན་ཆེན་པོ་རེད་ལ་རེ་བ་ཡང་ཆེན་པོ་ཡོད་པ་རེད།་་་་དེ་རེས་ཡང་གོ་སྐབས་འདི་དང་བསྟུན་ནས་དེང་སྐབས་ཀྱི་བོད་ནང་གི་མི་དམངས་ཚོའི་བདེ་སྡུག་གི་སྐོར་ལ་སྐད་ཆ་ནན་མོ་ཞིག་བཤད་པའི་རེ་བ་ཆེན་པོ་བཅིངས་ཡོད།