བོད་ཀྱི་མཛངས་མའི་འགྲན་བསྡུར།

༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་འཆར་ཟླའི་ཚེས་ ༥ ནས་ ༧ བར་ཡིན་པ་དང་། མཐའ་མཇུག་གི་དབུ་བརྒྱན་གཡོག་པའི་མཛད་སྒོ་དེ་ཕྱི་ཚེས་ ༧ ཉིན་བོད་གཞུང་ཟློས་གར་ཁང་དུ་འཚོགས་རྒྱུ་ཡིན་འདུག

བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་བསྒྲགས་པ་ལྟར་ན། ལོ་འདིའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཕྱི་ཚེས་ ༥ ནས་ ༧ བར་ཡིན་པ་དང་། མཛངས་མ་དང་པོ་དེར་མཛངས་མའི་དབུ་བརྒྱན་གཡོག་པ་དང་མཉམ་དུ་ཧིན་སྒོར་འབུམ་ ༡ དང་། གཉིས་པར་ཧིན་སྒོར་ ༥ ཁྲི། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་འབུལ་རྒྱུ་ཡིན་འདུག

བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་ག་གསར་ཁང་དུ་བཤད་པ་ལྟར་ན། ལོ་འདིར་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་འཛུལ་ཞུགས་ཀྱི་སྙན་ཞུ་རྒྱག་མཁན་བུ་མོ་ ༧ ཡོད་པ་དང་། ཁོང་ཚོ་མཐའ་དག་འགྲན་བསྡུར་ཁྲོད་ཞུགས་ཐུབ་མིན་ནི་ད་ལྟའི་ཆར་བཤད་ཁག་པོ་རེད། འགྲན་ཞུགས་པ་རྣམས་ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་ངྷ་སར་འབྱོར་དགོས་པ་དང་། ཕྱིི་ཚེས་ ༢༩ ཉིན་ནས་བདུན་ཕྲག་གཅིག་གི་རིང་འགྲན་བསྡུར་གྱི་སྦྱོང་བརྡར་སྤྲོད་རྒྱུ་དང་། ཉིན་དེ་དག་རིང་འགྲན་ཞུགས་པ་རྣམས་བོད་གཞུང་གི་ལས་ཁུངས་མ་ལག་ཁག་དང་། བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག སྒྲིག་འཛུགས་ཁག་བཅས་ཀྱི་ལྟ་སྐོར་ལ་འཁྲིད་རྒྱུ་ཡིན་འདུག

འགྲན་བསྡུར་དངོས་གཞི་དེ་ཕྱི་ཚེས་ ༥ ཉིན་ནས་མགོ་བརྩམ་རྒྱུ་དང་། ཉིན་དང་པོ་དེར་ Asia Health Resorts མགྲོན་ཁང་ནས་ཆུ་རྐྱལ་འགྲན་བསྡུར་བྱ་རྒྱུ་དང་། འགྲན་ཐེངས་ ༢ པ་དང་ ༣ གཉིས་ཕྱི་ཚེས་ ༦ ཉིན་བྱ་རྒྱུ་དང་། གཏམ་བཤད་དང་འཇོན་ཐང་གཞན་པའི་རིགས་ཕྱི་ཚེས་ ༧ དགོང་མོ་བྱ་རྒྱུ་ཡིན་འདུག

མཐའ་མཇུག་གི་མཛངས་མའི་དབུ་བརྒྱན་གཡོག་པའི་མཛད་སྒོ་དེ་ཕྱི་ཚེས་ ༧ ཉིན་བོད་གཞུང་ཟློས་གར་ཁང་དུ་འཚོགས་རྒྱུ་ཡིན་འདུག

ལོ་འདིའི་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་ནས་བཟུང་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དེའང་བཞུགས་སྒར་ངྷ་སར་ཚུགས་ཀྱིན་ཡོད་སྟབས། དབྱར་དཀྱིན་འདིར་ངྷ་སའི་མི་དམངས་ཀྱི་རྩེད་འཇོའི་སྣང་བ་དེའང་རང་བཞིན་གྱིས་མཐོ་རུ་ཕྱིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

20 thoughts on “བོད་ཀྱི་མཛངས་མའི་འགྲན་བསྡུར།

  1. མཆན་འབྲི་བ་རེ་ཟུང་ལ་ངོ་མ་དེ་ཡིན་འདི་ཡིན་མི་འདུག ང་ཚོ་རྒྱལ་ཁབ་དང་མི་རིགས་འཚོལ་བཞིན་པའི་ཡུལ་གྱར་བ་ཡིན་པས་ན་སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་ཡིནའང་འཛམ་གླིང་གཞན་ལ་འགོས་ན་ང་ཚོ་ལའང་ངེས་པར་དུ་དགོས་ངེས་རེད། འཛངས་མ་ཚད་ལྡན་མི་ལྡན་གང་ལྟར་གྱང་རང་ཚོ་ལ་གང་ཡོད་པ་དེ་ལ་མིང་ཐོབ་དེ་སྤྲད་ན་འོས་འཚམས་རེད།

  2. དུང་མཚོ་སྐྱིད།

    བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་༢༠༠༨ མཛངས་མ་དེ་ནི་མངོན་ནས་མཛེས་མ་དང་མཛངས་གཉིས་ཀྱི་མཚན་གཞི་འོས་ངེས་ཞིག་རེད་འདུག་ དེ་ནི་མཐོང་བ་ཉིད་ནས་ཕོ་བརྒྱའི་ཅིན་པ་ཤོར་ས་དང་མོ་བརྒྱའི་སྙིང་རློང་འཕྱོ་ས་ཞིག་རེད་འདུག དེ་་ཨ ་་་ཨ་་་་ཨ།

  3. མི་ནག་ཚང་ལུང་རིགས་རྒྱལ།

    བདེ་འབྱུང་ལགས་ཀྱི་མཆན་དེ་བསུབས་པ་ཡིན། རྗེས་ཕྱོགས་འདི་འདྲའི་མཆན་མི་འགོད་པའི་རེ་བ་ཡང་ཡང་ཞུ།

  4. རུ་དམ་ལུང་གི་བུ།

    ༼ཕ་རོ་ཟ་རྒྱུ་ཚོ།༽ ཕ་མེས་ཀྱི་རོ་ཟ་དགོས་གི་རེད་དང་། སུའི།
    དངོས་གནས་སྤུན་ཟླའི་ཐོག་ལ་དེ་འདྲའི་གཏམ་ཁ་ནས་ཐོན་པ་ལ།
    ང་ཚོ་ཚང་མ་སྤུན་ཟླ་རེད། །
    ཕ་ཡུལ་ཤོར་བའི་སྤུན་ཟླ་རེད། །
    ཕ་ཡུལ་དགོས་པའི་སྤུན་ཟླ་རེད། །
    ཕ་རོ་ཟོ་ཞེས་མ་ལབ་རོགས།
    ཕ་བཟང་བུ་ཞིག་ཡིན་ན། །
    ཕ་ཆོས་ཐོབ་ལ་བརྩོན་ནས། །
    ཕ་རོལ་དགྲ་བོའི་ཐོག་ལ། །
    ཕར་རྒོལ་བྱེད་ལ་བརྩོན་མཛོད། །