ཕྱིར་རང་ཡུལ་དུ་ལོག་མ་ཐུབ།

ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པའི་གོམ་བགྲོད་པ་རྣམས་ཉིན་འགའི་སྔོན་རྒྱ་གར་དང་བོད་ཀྱི་ས་མཚམས་སུམ་མདོའི་ཟམ་པ་ཞིག་བརྒྱུད་དེ་འགྲོ་སྐབས། རྒྱ་གར་མཐའ་སྲུང་དམག་མིས་བཀག་འགོག་བྱས་ཡོད་སྟབས། སྐབས་དེར་ཁོང་ཅག་གིས་བོད་ཀྱི་རྒྱལ་དར་ཕྱར་ཏེ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག ཁོང་ཅག་གིས་ཁ་པར་བརྒྱུད་བླ་མ་ཤིང་བཟའ་རིན་པོ་ཆེར་བརྗོད་པ་ལྟར་ན། ཉིན་དེར་རྒྱ་གར་དམག་མིས་ཁོང་ཅག་ལ། ཁྱེད་ཅག་གིས་རང་གི་མི་རིགས་ཆེད་འདི་ལྟར་གནང་བ་ཧ་ཅང་རླབས་ཆེན་རེད་ཅེས་བསྔགས་བརྗོད་དང་གདུང་སེམས་མཉམ་སྐྱེད་བྱས་ཡོད་འདུག

 

དེ་རིང་སྔ་དྲོ་ཁ་པར་བརྒྱུད་བླ་མ་ཤིང་བཟའ་རིན་པོ་ཆེར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། གོམ་བགྲོད་པ་མི་ ༨ དེ་བོད་ཀྱི་རྒྱལ་མཚམས་དང་བར་ཐག་མི་རིང་བའི་ས་ནས་རྒྱ་གར་མཐའ་སྲུང་དམག་མིས་འཛིན་བཟུང་བྱས་ཏེ་འགྲོ་རུ་བཅུག་མེད་པ་དངོས་ཡོད་གནས་ཚུལ་རེད། གོམ་བགྲོད་པ་དག་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྟབས། རྒྱ་གར་དམག་མིས་ཁོང་ཅག་ལ་དཀའ་ངལ་གང་ཡང་བཟོས་མེད་པར། གདུང་སེམས་མཉམ་སྐྱེད་དང་རོགས་རམ་གང་ལེགས་བྱས་འདུག ད་ཆར་ཁོང་ཅག་ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐྱལ་ཡོད། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ སྟེང༌། བཞུགས་སྒར་ངྷ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་གོམ་བགོད་པ་རྣམས་དངོས་སུ་བཅར་ཏེ། གསར་འགོད་གསལ་བསྒྲགས་བསྐྱངས་རྒྱུ་རེད། ཞིབ་ཕྲའི་གནས་ཚུལ་སྐབས་དེར་མཁྱེན་རྟོགས་ཡོང་གི་རེད། ཅེས་གསུངས་སོང 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཕྱིར་རང་ཡུལ་དུ་ལོག་མ་ཐུབ།

  1. དབུས་ཕྲུག་ཚེ་རིང་།

    འདི་ཡང་འཐབ་རྩོད་ཀྱི་བརྒྱུད་ལམ་རྣལ་མ་ཞིག་ཡིན། ལྷག་བསམ་ལ་བསྔགས་བརྗོད་ཡོད།

  2. གངས་རིའི་གླིང་བུ།

    རང་གི་རྒྱབ་ཁབ་དངརང་གི་མི་རིགས་འདིའི་སྐྱིད་གཡའ་བའི་ངོ་གདོང་དང་དྲོད་མེད་པའི་འཚོ་བ་ཉམ་ཐག་པའི་ལས་དབང་འདི་མཐོང་བའི་ན་ཟུག་གིས་མ་བཟོད་པར་དཀའ་སྡུག་དེང་ལེན་བྱེད་པ་ལ་སྔགས་བརྗོད་དང་ཡིད་རངས་ཡོད།