ཆམ་རིམས་ཀྱི་གནས་ཚུལ་གསར་པ།

དབུས་ཕྲུག་ཚེ་རིང་གི་ཟིན་བྲིས་ལས་བཤུས།

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་སྟེང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་ H1N1 རིགས་དང་པོའི་ཆམ་ནད་ཀྱི་གནས་ཚུལ་གསར་བ་ལྟར་ན།  མོ་ཞི་ཁོ་ནས་ནད་པ་དོན་ལྔ་ཚེ་ལས་འདས་པ་དང་མི་སྟོང་གསུམ་དང་བརྒྱད་བརྒྱ་གོ་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ། ནད་དེ་ཕོག་པར་དོགས་པ་ཟ་བའི་མི་སྟོང་བཞི་དང་བརྒྱ་ར་དོན་བཞི་ཡོད།  ཨ་མེ་རི་ཁ་ནས་ནད་པ་དགུ་ཚེ་ལས་འདས་པ་དང་མི་སྟོང་དྲུག་དང་ལྔ་བརྒྱ་ང་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཁ་ན་ཏ་ནས་ནད་པ་གཅིག་ཚེ་ལས་འདས་པ་དང་། མི་བདུན་བརྒྱ་དང་བཅུ་དགུ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ནད་དེ་ཕོག་པར་དོགས་པ་ཟ་བའི་མི་བརྒྱད་བརྒྱ་དང་ལྔ་ཡོད།  ཁོ་སི་ཐ་རེ་ཁ་ནས་ནད་པ་གཅིག་ཚེ་ལས་འདས་པ་དང་མི་ཉི་ཤུ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ། ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་ཉེར་བརྒྱད་ཡོད། འཇར་པན་ནས་མི་སུམ་བརྒྱ་དང་ཉེར་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། སི་ཕན་ནས་མི་བརྒྱ་དང་ཉེར་དྲུག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་།  ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བརྒྱ་དང་ཉེར་དྲུག་ཡོད།  དབྱིན་ཇི་ནས་མི་བརྒྱ་དང་བཅུ་བདུན་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ།  ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བརྒྱ་དང་ཉེར་གཉིས་ཡོད།  ཕ་ན་མ་ནས་མི་དོན་དྲུག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་། ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་དོན་དྲུག་ཡོད། ཧྥ་རན་སི་ནས་མི་བཅུ་དྲུག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བཅུ་དྲུག་ཡོད།    འཇར་མན་ནས་མི་བཅུ་བདུན་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་ལ།  ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བཅུ་བདུན་ཡོད། ཁོ་ལོམ་པི་ཡ་ནས་མི་བཅུ་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་པ་དང་། ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བཅུ་གཉིས་ཡོད། དབྱི་ཐ་ལི་ནས་མི་བཅུ་བཞི་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ནེའུ་ཙི་ལན་ནས་མི་དགུ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་ནད་དེ་ཕོག་པར་དོགས་པ་ཟ་བའི་མི་དགུ་ཡོད།  པ་ཞི་ནས་མི་བརྒྱད་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ།  ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་དགུ་ཡོད།  དབྱི་སི་རལ་ནས་མི་བདུན་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བདུན་ཡོད།   སར་ཝ་ཏོར་ནས་མི་དྲུག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།  ཀྲི་ལི་ནས་མི་ཉེར་བཞི་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།  པུ་ལི་ཧྲི་ནས་མི་བདུན་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།
རྒྱ་ནག་ནས་མི་ལྔ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ།   ནད་དེ་ཕོག་པར་དོགས་པ་ཟ་བའི་མི་བདུན་ཡོད།  ཁུ་པ་ནས་མི་བཞི་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཝེ་ཏི་མ་ལཱ་ནས་མི་བཞི་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཕེ་རུ་ནས་མི་ལྔ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཨོ་སི་ཁྲུ་ལི་ཡ་ནས་མི་བཅུ་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ། ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་བཅུ་དྲུག་ཡོད། ཧན་གོ་ནས་མི་གསུམ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ། ནད་དེ་ཕོག་པར་དོགས་པ་ཟ་བའི་ནད་པ་ཉེར་གཅིག་ཡོད།   ཧོ་ལན་ནས་མི་གསུམ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། སུའེ་ཏེན་ནས་མི་གསུམ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་།  ཀྲུང་གོའི་ཞང་ཀང་ནས་མི་གསུམ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ནོ་ཝེ་ནས་མི་བཞི་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།   ཧྥུན་ལན་མི་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།   ཐེ་གོ་ནས་མི་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།  མ་ལེ་ཞི་ཡ་ནས་མི་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཐུར་ཁེ་ནས་མི་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།   ཕོ་ལན་ནས་མི་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཨིག་བཀྭའ་ཏའོ་ཨར་ནས་མི་བརྒྱད་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ། ནད་དེ་ཕོག་པར་དོགས་པ་ཟ་བའི་མི་བཅུ་ཡོད།  ཨོ་སི་ཁྲི་རི་ཡ་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། སེའུ་ཙེར་ནས་མི་གཉིས་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཏེམ་མག་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། ཨར་ལན་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་པ་དང་།    ཕུའུ་ཐའོ་ཡ་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།     ཨ་ཀེན་ཐེན་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།       རྒྱ་གར་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།   ཞི་ལཱ་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད།   ཀྲུང་གོའི་ཐེ་ཝན་ནས་མི་གསུམ་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ།   ནད་དེ་ཕོག་པར་དོགས་པ་ཟ་བའི་མི་དྲུག་ཡོད།   ཧྥེ་ལེ་པེན་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད་ལ།    ནད་དེ་ཕོག་པར་དོགས་པ་ཟ་བའི་མི་གཉིས་ཡོད།    ཨུ་རུ་སི་ནས་མི་གཅིག་ལ་ནད་དེ་ཕོག་པ་གཏན་ཁེལ་བྱས་ཡོད། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

6 thoughts on “ཆམ་རིམས་ཀྱི་གནས་ཚུལ་གསར་པ།

  1. ཀརྨ་རྒྱལ་མཚན།

    ལྷག་བསམ་དུང་ལྟར་དཀར་
    ལྷག་བསམ་དུང་ལྟར་དཀར་ཞིང་རང་གི་མི་རིགས་ལ་ལ་རྒྱ་དང་བཅས་བསམ་ཚུལ་དགའ་ཞིག་ཞུ་ཆོག་པ་ཞིག་ང་ཚོ་བོད་མི་རིགས་འདི་ནི་མི་རིགས་གཞན་དང་མི་འདྲ་བའི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བའི་མི་རིགས་ཁྱད་པར་ཅན་ཞིག་ཡིན་པ་ང་ཚོ་བོད་པ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད་ལ་དེ་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེ་ཆེ་བ་དམ་པའི་ཆོས་ལ་རང་བཞིན་གྱི་བློ་ཁ་ཕྱོགས་པ་ཞིག་རེད་དེ་ནི་འཛམ་གླིང་འདིའི་ནང་གཟི་བརྗིད་ཞིག་ཡིན།
    སྤྱིར་དེང་དུས་ཡར་ཐོན་ཅན་གྱི་མི་ཡི་སྤྱི་ཚོགས་འདིར་ང་ཚོས་མིག་དཔེ་ཡར་བལྟ་ཞིག་བྱེད་པ་ཡིན་ན་ཁོང་ཚོས་ཡར་ཐོན་ཅན་གྱི་སྤྱི་ཚོགས་དེ་གཙོ་བོ་ཤེས་ཡོན་དཔལ་འབྱོར་དེ་བཞིན་མཚན་རིགས་སོགས་ཚད་མཐོ་པོ་ཞིག་ཏུ་སླེབ་པ་ལ་བརྟེན་ནས་ཡར་རྒྱས་ཕྱིན་པ་ཞིག་ཡིན་ལ་དེ་ལྟ་བུའི་སྤྱི་ཚོགས་དེ་ནི་དེང་དུས་འཛམ་གླིང་ནང་ཡར་ཐོན་དང་བསྔགས་འོས་སུ་འཛིན་གྱི་ཡོད།
    ང་ཚོ་བོད་པ་ལོ་རྒྱུས་ལྡན་པའི་མི་རིགས་ཞིག་ཡིན་པའི་ཆ་ནས་ཁོང་ཚོ་ལས་ལྷག་པ་ཞིག་བྱེད་མ་ཐུབ་ཀྱང་ཇི་མ་ཇི་བཞིན་ཞིག་ངེས་པར་བྱེད་ཐུབ་དགོས་པར་སེམས་
    འགྲོ་བ་མི་ནི་དུད་འགྲོ་དང་རྣམ་པ་ཀུན་ནས་མི་མཚུངས་ཤིང་མི་ཞེས་པ་ཀླད་ཚད་དང་ཤེས་ཡོན་ཅན་ཞིག་ལ་སོང་དུད་འགྲོ་ལྟ་བུའི་སྤྱོད་པ་རྣམ་པ་ཀུན་ནས་བྱེད་རྒྱུ་མེད་དེར་བརྟེན་ང་ཚོས་ཤེས་དགོས་པ་ཞིག་ལ་གཙང་སྦྲ་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབས་ཟེར་ནས་རྒྱ་ཆེན་པོ་ཞིག་བཤད་རུང་མ་བཤད་རུང་སོ་སོའི་ཉིན་རེའི་འཚོ་བའི་ནང་ག་རི་ཆག་གི་ཡོད་མེད་དེ་མ་ཤེས་པར་ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ལ་ཡོད་པའི་ནད་རིགས་ཕོ་བའི་ནད་དེ་བཞིན་སྙིང་གི་ནད་ཁྲག་གི་ནད་ལུས་ཀྱི་མདངས་བཅུད་ཉམས་པའི་ནད་དེ་འདྲ་ཤིན་ཏུ་མང་པོ་ཡོད་
    གཙང་སྦྲ་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབས་ཟེར་བའི་སྦིར་གཏམ་ཆེན་པོ་དེ་འདྲ་མང་པོ་བཤད་པ་ལས་དང་པོ་སོ་སོའི་ཉིན་རེའི་འཚོ་བ་ཟེར་བ་དེ་དངོས་ཡོད་གནསཚུལ་དང་ཁ་ཡོད་ལག་ཡོད་ཡིན་དཔེར་ན་ང་ཚོ་བོད་པའི་སྤྱི་ཚོགས་ནང་དོ་སྣང་ཤིན་ཏུ་ཉུང་བའི་ཟས་རིགས་གང་དང་གང་གི་ལུས་ལ་གནོད་ཀྱི་ཡོད་མེད་ཟས་རིགས་ནང་ནས་འབྲུ་དང་བྲོ་ཡི་རིགས། སྔོ་ཚལ་དང་ཤིང་ཏོག་གི་རིགས། ཤ་དང་འོ་མའི་རིགས།་སྣུམ་དང་ཚིལ་གྱི་རིགས།
    དེ་ཚོ་བེད་སྤྱོད་གཏོང་སྟངས་ག་འདྲ་ཡིན་མིན།དེ་བཞིན་ཉིན་རེ་ཆུ་ག་ཚོད་འཐུང་དགོས་ཀྱི་ཡོད་མེད་
    སྙིང་གི་ནད་ག་འདྲ་བྱེད་ནས་ཡོང་གི་ཡོད་མེད། དེ་ལ་གང་དང་གང་གི་ཕན་གྱི་ཡོད་པ་ཕོ་བའི་ནད་སོགས་ཟས་མ་ཞུ་བའི་ནད་རིགས་ག་འདྲ་བྱེད་ནས་ཡོང་གི་ཡོད་མེད་སྐོར་ཤེས་པ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པ་སོང་།ཉེ་ལམ་བོད་སེར་རྟ་དགོན་པའི་མཁས་དབང་ཚུལ་ཁྲིམས་བློ་གྲོས་ནས་བརྩམས་གནང་བའི་ཕྱག་དེབ་ཤེན་ཏུ་ལེགས་པ་ཞིག་འདུག་པ་དེར་གཟིགས་རྒྱུ་དང་དེ་བཞིན་ཕྱིས་ནས་དེ་སྐོར་ཕྱི་རྒྱལ་གྱི་སྐད་དུ་ཡོད་པའི་གློག་བརྙན་ཤིན་ཏུ་ལེགས་པ་དེ་འདྲ་ཡོད་པས་དེ་དག་རང་སྐད་དུ་བསྒྱུར་ཐུབ་ན་ཅི་མ་རུང་སྙམ་

  2. རྒྱ་གྲོ་བ།

    ཕག་ནད་ཀྱི་ཆ་རིམས་སམ་གཉན་རིམས་འདི་ཉིད་ནི་སྤྱིར་བཏང་བྱས་ན་དེང་སྙིགས་དུས་ཀྱི་མི་རྣམས་ལ་ཉེས་ཆད་ཀྱི་ཚུལ་དུ་བཏང་བ་ཞིག་ཡིན་པ་འདྲ། དེང་སང་མི་ཚོས་འདྲ་མི་འདྲ་ཟ་བ་སོགས་ལ་བརྟེན་ནས་ནད་འདི་འབྱུང་བ་ལགས། བྱ་ཤ་དང་ཕག་ཤ་ཇི་མང་ཟ་བར་སོང་ལོ་སྔོན་བྱ་ནད་ཀྱི་དཀའ་ངལ་དང་འདི་ལོ་ཕག་ནད་ཀྱི་དཀའ་ངལ། ལོ་རྗེས་མ་གཏན་གཏན་ཉ་ནད་སམ་ཆུར་གནས་སེམས་ཅན་ཞིག་གི་འགོས་ནད་ཡོང་སྲིད་པ་འདུག། དེ་འདྲ་སོང་ཚང་མ་ད་ལྟ་ནས་གྲ་སྒྲིག་དུ་སྨན་རྩིས་ཁང་ནས་རིན་ཆེན་རིལ་བུ་དང་རིམས་སྲུང་རིལ་བུ་སོགས་མཁོ་གྲུབ་ད་ལྟ་ནས་བྱས་ཚེ་ལེགས་པར་སོང་ཚང་མར་དེ་ལྟར་དོ་སྣང་གནང་རོགས།།