མ་ཎི་དུང་སྒྲུབ།

ལོ་རེའི་ས་ག་ཟླ་བའི་ཚེས་ ༡ ནས་ ༡༥ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་མ་ཎི་དུང་སྒྲུབ་གྱི་ཞབས་རྟེན་སྒྲུབ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། དཔལ་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་ཆིབས་བསྒྱུར་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཚོགས་མགོན་དུ་ཕེབས་ཡོད་པ་དང༌། དེ་བཞིན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་དང་དགེ་འདུན་པ། སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་མཉམ་དུ་འཛོམས་ཏེ་མ་ཎི་དུང་སྒྲུབ་ཀྱི་ཞབས་རྟེན་གསོལ་འདེབས་གནང་སོང་ལ། ཉིན་གུང་ཆུ་ཚོད་ ༡༢ སྟེང་༧གོང་ས་མཆོག་ཕྱིར་ཕོ་བྲང་དུ་ཆིབས་བསྒྱུར་གནང་སོང་། མ་ཎི་དུང་སྒྲུབ་ཀྱི་ཞབས་རྟེན་འདི་ནི་ལོ་རེའི་ས་ག་ཟླ་བའི་ཚེས་ ༡ ནས་ཚེས་ ༡༥ བར་བཞུགས་སྒར་དུ་འཚོགས་ཀྱིན་ཡོད་པ་དང༌། ཐེངས་འདིར་ཕྱི་གླིང་བ་དང་ཐའེ་ཝན་གྱི་དད་ལྡན་པ་སོགས་མི་གྲངས་ ༡༠༠༠ ལྷག་འདུ་འཛོམས་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “མ་ཎི་དུང་སྒྲུབ།

  1. ཨ་ལག་ཀརྨ་པ་ཁོང་མ་གཏོགས་ཆོས་བརྒྱུད་གཞན་པའི་བླ་ཆེན་དག་དུང་སྒྲུབ་དང་འབུམ་ཚོགས་ལ་ཕེབས་པ་མཐོང་མ་མྱོང་། ཚོགས་ཐོག་ཏུ་སྐར་མ་བཅུ་ལས་བཞུགས་མ་ཐུབ་ཀྱང་བོད་གཅིག་གྱུར་ལ་ཕན་གྱི་ཡོད་པ་རེད། སློབ་མ་མགོ་སེར་འགའ་དང་སྦྱིན་བདག་ཕྱུག་པོ་འགའ་བྱུང་ཚེ་བོད་ལུང་པ་དང་མི་དམངས་ཚང་མ་བརྗེད་འགྲོ་བ་ཅི་ཡིན་ནམ། ཡང་ན་གོང་ས་མཆོག་དང་ཐོབ་ཐང་འདྲ་མཉམ་རྩོད་འདོད་པའམ་ཡང་ན་བོད་དོན་གྱི་འགན་ཆ་ཤས་ཙམ་ཡང་མི་ལེན་པ་འདི་ཡང་ཅི་ཡིན་ནམ།