གྲྭ་དྲུག་ལ་ཁྲིམས་ཐག་བཅད་འདུག

ཆབ་མདོ་ས་ཁུལ་གྱི་ཇོན་མདའ་རྫོང་ཆོས་འཁོར་གྲོང་དུ་སྤྱི་ཟླ་ ༡ པའི་ནང་དུ་འབར་རྫས་གས་འཐོར་གྱི་དོན་རྐྱེན་ཞིག་བྱུང་བར་ཉེས་འཛུགས་ཀྱིས། གདན་ཆོས་འཁོར་དགོན་གྱི་གྲྭ་དྲུག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག 

ཚེས་ ༢༧ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ལོ་མགོར་ཆབ་མདོ་ས་ཁུལ་གྱི་ཇོན་མདའ་རྫོང་ཆོས་འཁོར་གྲོང་དུ་འབར་་རྫས་གས་འཐོར་གྱི་གནས་ཚུལ་ཞིག་བྱུང་བ་དང་། སྐབས་དེར་ས་དེ་གའི་ལྡན་ཆོས་འཁོར་དགོན་གྱི་གྲྭ་བ་ཚོར་ཉེས་འཛུགས་ཀྱིས་སྤྱི་ཟླ་ ༡ ཚེས་ ༩ དང་ ༡༠ ཉིན་གཉིས་ཀྱི་རིང་ལ་གྲྭ་བ་ ༦ བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་འདོན་པས་བརྗོད་པ་ལྟར་ན།  ཀྲུང་གོ་གཅིག་གྱུར་གྱི་ལམ་ལུགས་ལ་ཁ་བྲལ་གཏོང་མཁན་ཏཱ་ལའི་བླ་མར་ངོ་རྒོལ་ཞེས་པའི་ཡིག་ཆར་མིང་རྟགས་མ་བཀོད་པ་དང་། སྔར་ལོ་ནས་བསྟུད་མར་ཞི་རྒོལ་བྱུང་བའི་སྐབས་གྲྭ་བ་ཚོ་སྐད་འབོད་ལ་ཞུགས་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བར་ངོ་རྒོལ་གནང་བ་སོགས་ཀྱི་རྐྱེན་པས་འབར་རྫས་གས་འཐོར་གྱི་གནས་ཚུལ་ལ་འབྲེལ་བ་ཡོད་པར་ཉེས་འཛུགས་ཀྱིས་བཙོན་དུ་བཅུག་པ་དང་། ཇོན་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ཚེས་ ༢༢ ཉིན་སྤྱི་ཡོངས་ནས་ཁ་བྲལ་བར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་འདུག  རང་ལོ་ ༣༧ ཡིན་པའི་གྲྭ་བསྟན་འཛིན་རྒྱལ་མཚན་དང་རང་ལོ་ ༥༠ ཡིན་པའི་ཉི་ཤིག   རང་ལོ་ ༥༡ ཡིན་པའི་ཕྱག་མཛོད་ཟུར་བ་ངག་དབང་བཀྲ་ཤིས། རང་ལོ་ ༣༠ ཡིན་པའི་གྲྭ་བཀྲ་ཤིས་རྡོ་རྗེ་བཅས་ལ་ལོ་ངོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རང་ལོ་ ༤༢ ཡིན་པའི་དགེ་བཤེས་འཇམ་དབྱངས་ཤེས་རབ་ལ་ལོ་ངོ་ ༡༣ དང་རང་ལོ་ ༣༦ ཡིན་པའི་གྲྭ་ཚེ་རིང་དཔལ་ལྡན་ལ་ལོ་ངོ་ ༡༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “གྲྭ་དྲུག་ལ་ཁྲིམས་ཐག་བཅད་འདུག

  1. རྒྱ་རྒན་ཚོས་འདི་ལྟར་བོད་མི་གྲངས་ལས་འདས་པར་ཁྲིམས་ཐག་གཅོད་པ་ཐབས་ལམ་དགའ་ཞིག་མིན་པ་ཤེས་ཀྱི་ཡོད་རྒྱུ་རེད། ཁོ་ཚོས་འདོད་པ་ངོ་མ་ཅི་ཡིན་ནམ། མི་དམངས་ལ་འཇིགས་བསྐུལ་ན་ཞི་རྒོལ་མཚམས་ཆད་རྒྱུ་རེད་བསམ་པ་ཡིན་ནམ། བང་ལི་ཞོང་ཟེར་བ་དེས་རྒྱ་གཞུང་ལ་ཇུས་དགའ་ཞིག་སྟོན་རྒྱུ་མེད་པ་ཅི་ཡིན་ནམ།