རྒྱ་ནག་གི་དམངས་གཙོའི་བསམ་ཕྱོཊ། ལིས་ཅན་ཆང་།

ལིས་ཅན་ཆང་གིས་བརྩམས།
ཚེ་རིང་རྒྱལ་གྱིས་སྒྱུར།

ཕྱི་ཟླ་ ༤ པའི་ཚེས་ ༡༨ ཉིན་སི་ཐོའོ་ཧྭ་སྐུ་ཞབས་ཀྱིས་ནིའུ་ཡོག་ཏུ་ཡོད་པའི་རྒྱ་རིགས་སྤྱི་མཐུན་ལྷན་ཚོགས་ཀྱི་ཐོག་ཏུ་གཏམ་བཤད་སྤེལ་སྐབས།  མ་འོངས་པའི་ལོ་ ༡༣ ཀྱི་རྗེས་ཏེ་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ལ་དམངས་གཙོ་མངོན་འགྱུར་འབྱུང་སྲིད་པ་དང་། སྐབས་དེར་དྲུག་བཞིའི་དོན་རྐྱེན་ཡང་དཀར་འདོན་བྱེད་ཐུབ་ཞེས་བརྗོད་ཡོད། ཁོང་གིས་རྒྱུ་མཚན་གཉིས་དྲངས་ཡོད་དེ། དང་པོ་ནི། ཨུ་རུ་སུའི་དམར་ཤོག་པས་རང་ཉིད་ཀྱི་སྲིད་དབང་གསར་དུ་བཙུགས་ནས་ཡང་བསྐྱར་འཐོར་ཞིག་ཏུ་གྱུར་བའི་བར་གྱི་དུས་ཡུན་ནི་ལོ་ ༧༣ ཡིན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གསར་དུ་འཛུགས་པའི་ལོ་ནས་བརྩིས་ན་ཕྱི་ལོ་ ༢༠༢༢ ལོ་ནི་ཏག་ཏག་ལོ་ངོ་ ༧༣ འཁོར་བའི་ལོ་དེར་འཁེལ་ཡོད། རྒྱ་ནག་དམར་ཤོག་ནི་དེ་བས་ཀྱང་འགག་སྒོ་འདི་ལས་བརྒལ་མི་ཐུབ་པ་དེ་རེད། གཉིས་པ་ནི། རྒྱ་ནག་གི་དམར་ཤོག་པའི་འདུ་ཤེས་འཛིན་སྟངས་དེ་ཕམ་ཉེས་སུ་གྱུར་ཟིན་པ་དང་། སྲིད་སྐྱོང་གི་ཁྲིམས་མཐུན་ངོ་བོ་དེའང་སྔར་ནས་ཡོལ་ཟིན་པ་རེད། ད་སྐབས་དབུགས་ཆད་ལ་ཁད་དུ་གྱར་ཡོད་པ་མ་ཟད། དོན་དངོས་ཐོག་ཤོག་ཁག་དེར་བློ་སེམས་དཀར་བའི་མི་སུ་ཡང་མེད་པ་དེ་རེད།

ངས་སྐུ་ཞབས་སི་ཐོའོ་ཧྭ་ལགས་ལ་དྲི་བ་གཅིག་འདོན། རྒྱ་ནག་ནང་ཁྱབ་བཞིན་པའི་བཤད་སྟངས་ཤིག་ལ། རྒྱ་ནག་གི་སྐབས་བབ་ཀྱི་གནད་དོན་གཙོ་བོ་དེ་འགྲོ་བའི་མིའི་ཐོབ་ཐང་ཡར་རྒྱས་དང་། ཁྲིམས་སྲིད་ལག་བསྟར་བྱ་རྒྱུ་དེ་ཡིན་པ་ལས། ལམ་ལུགས་ལ་འགྱུར་བ་གཏོང་རྒྱུ་དེ་མ་ཡིན་ཞིང་། གློ་བུར་དུ་དམངས་གཙོ་ལག་བསྟར་བྱ་རྒྱུ་དེ་བས་ཀྱང་མ་རེད། ཁོ་ཚོའི་བསམ་ཚུལ་ནི་རྒྱ་གཞུང་གིས་ད་ལྟའི་སྤྱི་ཚོགས་ཀྱི་དོ་སྣང་བྱ་ཡུལ་གྱི་གནད་དོན་ཁག་སྟེ། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་། ཁྲིམས་སྲིད་ལེགས་བཅོས། དཔལ་འབྱོར་འཕེལ་རྒྱས་བཅས་བྱུང་ཚེ། ད་གཟོད་སྤྱི་ཚོགས་བདེ་འཇགས་དང་ལམ་ལུགས་རྒྱུན་སྐྱོང་བྱེད་ཐུབ། ཞེས་པ་འདི་རེད། སྐུ་ཞབས་སི་ཐོའོ་སི་ཐོའོ་ཧྭ་ལགས་ལ་འདིའི་ཐད་བསམ་ཚུལ་ཅི་ཞིག་ཡོད་སྲིད་དམ།

སྐུ་ཞབས་སི་ཐོའོ་ཧྭ་ལགས་ཀྱིས་ཕལ་ཆེར་ངས་བཤད་གྱིན་པ་འདིའི་དོན་གསལ་བོ་ཞིག་གོ་ཡོད་རྒྱུ་མ་རེད། སྐུ་ཞབས་སི་ཐོའོ་ཧྭ་ཁོང་གི་བསམ་ཚུལ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྲིད་ཀྱི་གནད་དོན་ཚང་མ་ལམ་ལུགས་ཀྱི་གནད་དོན་ཡིན་པས། དམངས་གཙོ་མེད་ན་གནད་དོན་འདི་དག་སེལ་ཐབས་མེད་ཞེས་པ་དེ་རེད།

དོན་དངོས་ཐོག རྒྱ་དམར་གཞུང་གི་ཁྱད་ཆོས་ལྡན་པའི་དམངས་གཙོ་ཟེར་བ་དེའི་འཕེལ་རིམ་ལ་གཞིགས་ན། རྒྱ་དམར་གཞུང་དང་ཆབ་སྲིད་ཁ་གཏད་ཤོག་ཁག་ཚོའི་བར་ལམ་ལུགས་མ་འདྲ་བ་ཞིག་གནས་ཡོད། ཆབ་སྲིད་ཁ་གཏད་ཤོག་ཁག་དག་གི་ལམ་ལུགས་ནི་ནུབ་ཕྱོགས་ཀྱི་ཁྲིམས་སྲིད་དམངས་གཙོའི་ལམ་ལུགས་ཡིན་ཏེ། ༠༨ ལོའི་རྩ་འཛིན་ལྟ་བུ་རེད། འདིའི་ཐད་བསྐྱར་དུ་གླེང་བརྗོད་བྱེད་དགོས་དོན་མི་འདུག དམར་ཤོག་པའི་ལམ་ལུགས་ཀྱང་ད་ལྟ་ཉིན་རེ་བཞིན་ཇེ་གསལ་དུ་འགྲོ་བཞིན་འདུག ཁོ་ཚོའི་སྐད་ཆ་ལྟར་ལབ་ན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དམངས་གཙོའི་ལམ་ལུགས་ཞིག་ཏུ་འགྲོ་རྒྱུ་དེ་རེད། གཞི་རྩའི་གོ་དོན་ནི། དམར་ཤོག་པའི་དབུ་ཁྲིད་རྒྱུན་སྐྱོང་དང་། ད་ལྟའི་ཆབ་སྲིད་ལམ་ལུགས་ཀྱི་སྒྲོམ་གཞིར་འགྱུར་བ་མེད་པའི་སྔོན་འགྲོའི་འོག འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་གི་གནད་དོན་ཐག་གཅོད། དེ་བཞིན་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་རྒྱུན་སྐྱོང་དང་། སྤྱི་ཚོགས་ལྷིང་འཇགས་ཡོང་རྒྱུ་བཅས་རེད། ད་དུང་ཁ་གསལ་དུ་བཏང་སྟེ་བཤད་ན། རྒྱ་ནག་གིས་དཔལ་འབྱོར་ཀྱི་ཐད་ནས་མ་རྩ་རིང་ལུགས་དང་ཆབ་སྲིད་ཀྱི་ཐད་ནས་དམར་ཤོག་པའི་སྲིད་དབང་སྒེར་གཅོད་བྱ་རྒྱུ་དེ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རྒྱ་ནག་གི་དམངས་གཙོའི་བསམ་ཕྱོཊ། ལིས་ཅན་ཆང་།

  1. བོད། ཤ་ཁྲག་རུས་གསུམ།

    ང་ཚོས་རྒྱ་ནག་དམངས་གཙོ་ལ་འགྱུར་སྒྱུར་རེ་བ་བྱེད་དགོས་ཀྱི་ཡོད་དམ། ཡང་ན། ངེད་ཅག་གིས་རྒྱ་ནག་ནང་གི་རང་དབང་ཚད་ཇེ་མཐོར་འགྲོ་རྒྱུར་མདུན་པ་བཅིངས་དགོས་ཀྱི་ཡོད་དམ། དེ་མིན་བོད་པ་རང་གིས་རང་དོན་འགྲུབ་པར་བྱ་བ་གཞན་གང་ཞིག་བྱེད་དགོས་ཀྱི་ཡོད་དམ།