ངོ་རྒོལ་བར་མེ་མདའ་བརྒྱབས་པ།

 

རྒྱ་ནག་གི་ཉེན་རྟོག་པས་བོད་མི་ངོ་རྒོལ་བའི་ནང་མེ་མདའ་བརྒྱབས་ཏེ་མི་གཅིག་རྨས་ཤིང་། མི་གཉིས་ལ་རྡུང་སྟེ་རྨས་སྐྱོན་ཕོག་ཡོད་འདུག

ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཟླ་ ༥ པའི་ཟླ་མཇུག་ལ་འཇོ་མདའ་རྫོང་ནས་ལོ་སྔོན་མའི་དོན་རྐྱེན་གྱི་ཆེད་དུ་རྨོ་འདེབས་མཚམས་འཇོག་གི་ལས་འགུལ་སྤེལ་བར་བརྟེན། རྒྱའི་ཉེན་རྟོག་པས་ངོ་རྒོལ་བ་རྣམས་ཀྱི་ཁྲོད་མེ་མདའ་བརྒྱབས་ཏེ་ཚེ་རིང་ཞུ་བ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ཕ་དགའ་དང་ལྷ་དར་ཞུ་བ་གཉིས་ལ་རྡུང་སྟེ་རྨས་སྐྱོན་ལྗིད་མོ་ཕོག་ཡོད་འདུག སངས་དགའ་ཞུ་བ་ཞིག་ལའང་མེ་མདའི་ཞབས་ཀྱིས་རྡུང་ཡོད་འདུག

ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ཚང་མ་འཇུས་ཡོད་ཀྱང་། རྗེས་སུ་བུད་མེད་བསོད་ནམས་དཔལ་མོ་ཞུ་བ་དང་། བློ་བཟང་དཔལ་ལྡན། ཡེ་ཤེས་རྡོ་རྗེ་གསུམ་མ་གཏོགས་གཞན་རྣམས་གློད་ཡོད་ཚུལ་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “ངོ་རྒོལ་བར་མེ་མདའ་བརྒྱབས་པ།

  1. བོད། ཤ་ཁྲག་རུས་གསུམ།

    ཡ་ང་བའི་དོན་རྐྱེན་འདི་དག་ལ་རྣ་བ་གཏོད་པ་ལས། ཡ་ང་བའི་དོན་རྐྱེན་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་རང་མི་ཆིག་སྒྲིལ་གྱི་ནུས་པའི་ཐད་དུ་ཧུར་བརྩོན་བྱེད་མཁན་དཀོན་པའི་རྒྱུ་རྐྱེན་དག་མི་རེ་ངོ་རེ་ནས་རང་རང་གི་སེམས་ངོག་ལ་དྲི་བ་འདི་ལྟར་གཏོང་དགོས་ཀྱི་འདུག བོད་ཀྱི་འཆི་གསོན་འདི་ནི་༧གོང་ས་མཆོག་གི་གཙོ་བའི་རྒྱལ་གཅེས་དབའ་བོ་རེ་ཟུང་ལ་མ་གཏོགས་འགན་མེད་པ་ནི་ཡིན་རྒྱུ་མ་རེད། ང་ཡང་བོད་རེད། ངས་གང་བྱེད་ཐུབ་ཀྱི་ཡོད་པ་རེད་སོགས་རང་གིས་རང་ལ་དྲིས་དེ་རང་གིས་ལན་ཞིག་་བཏབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་བོད་ནས་གཅིག་ཤི་གཉིས་ཤི གསུམ་བཙོན་བཞི་བརྡུང་བྱས་ཀྱང་། ངེད་ཅག་གིས་དྲ་ཐོག་ནས་བོད་དུ་འདི་འདྲ་བྱུང་འདུག་ཟེར། བོད་ན་མི་གསད་འདུག་ཟེར་ནས་རང་ཉིད་བོད་མི་ཞིག་གི་འདུ་ཤེས་ལས་རྒྱང་དུ་ཡོད་པ་ལྟ་བས་སྐད་ཆ་བཤད་སྟངས་འདི་ལ་དངོས་ནས་འགྱུར་བ་གཏོང་བས་དུས་སུ་བབ་ཡོད་པ་ནི་གཅིག་ཁ་གཉིས་གྲགས་རེད། སྤུན་གྲོགས་ཚོ། ༧གོང་ས་མཆོག་གི་སྐུ་ན་བགྲེས་བཞིན་འདུག བོད་ནང་གི་དབའ་བོ་དག་སྲོག་ཁྲིམས་དང་ཚེ་བཙོན་བྱེད་ཀྱི་འདུག བལྟས་དང་ཡང་ངས་ཀྱང་གོང་ནས་བཤད་མ་ཐག་པས་སྐད་ཆ་དེ་དག་བཤད་བཞིན་འདུག