ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་ཐུབ་རྒྱུ་ཁག་པོ་རེད།

ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཁང་ཞིག་འཛུགས་པར་རྒྱ་ནག་གིས་ངོས་ལེན་མ་བྱས་ཚེ་ཐབས་ཤེས་ཡོད་པ་མ་རེད། ཡིན་ཡང་། པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་བོད་དོན་གྱི་སྡེ་ཚན་དེ་འཛུགས་ཐུབ་རྒྱུར་རེ་བ་ཡོད་པ་རེད་ཟེར།

ཉིན་ཤས་སྔོན་ཨ་རིའི་གཞུང་གིས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཅིག་འཛུགས་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་དེར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་སྟབས། བཙན་བྱོལ་བོད་གཞུང་གིས་ཀྱང་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ཁང་ཅིག་འཛུགས་ཐུབ་རྒྱུར་རེ་བ་ཆེན་པོ་བཟུང་ཡོད་མི་འདུག ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ག་གསར་ཁང་ལ་གསུངས་དོན། ད་ཐེངས་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་གཏན་འབེབས་བྱས་པ་འདི་ཨ་རིའི་སྲིད་འཛིན་བྷོ་ཤུའི་སྲིད་གཞུང་དང༌། ཨོ་བྷ་མའི་སྲིད་གཞུང་གཉིས་ཀྱི་བར་ལ་བོད་དོན་ཐོག་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་བསྟན་པ་རེད་བསམ་ཡོད། ལྷ་སར་གཞུང་ཚབ་ཁང་ཞིག་འཛུགས་ཐུབ་མིན་དེ་རྒྱ་ནག་གི་ངོས་ནས་ཐག་གཅོད་བྱ་དགོས་པ་ཞིག་ཡིན་སྟབས། རྒྱ་ནག་རང་ལ་ཐུག་ཡོད་པ་རེད། ད་ལྟའི་དུས་ཚོད་འདིར་རྒྱ་ནག་གི་གནད་ཡོད་མི་སྣ་མི་མང་བོ་ཞིག་གིས་ལས་དོན་འདིར་སྐྱོན་བརྗོད་བྱེད་ཀྱིན་ཡོད་པར་བལྟས་ན། ལམ་སེང་འཛུགས་ཐུབ་པ་ཁག་པོ་རེད་བསམ། ཨ་རི་གཅིག་པུ་མ་རེད། རྒྱ་གར་གྱིས་ཀྱང་སྔོན་མ་ནས་ལྷ་སར་གཞུང་ཚབ་ཁང་ཞིག་འཛུགས་ཆེད་རྒྱ་ནག་ལ་འབྲེལ་བ་མང་བོ་བྱས་པ་རེད་དེ་ད་དུང་ཡང་འགྲུབ་ཡོད་པ་མ་རེད། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་ཐོག་འདི་ལྟ་བུའི་རླབས་ཆེན་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས་པ་རེད་དེ། རྒྱ་ནག་གཞུང་གི་ངོས་ནས་དང་ལེན་མ་བྱས་པ་ཡིན་ན་དེ་འཛུགས་མི་ཐུབ་པ་ཐག་ཆོད་རེད་བསམ། གལ་སྲིད་རྒྱ་ནག་གིས་དེར་ངོས་ལེན་མ་བྱས་པ་ཡིན་ནའང༌། པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནང་བོད་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཞིག་འཛུགས་རྒྱུ་ཡིན་ཟེར་བ་དེ་ཏན་ཏན་འགྲུབ་རྒྱུ་རེད་བསམ་གྱི་འདུག་ཟེར།

རྒྱ་ནག་གིས་བཤད་དོན། ཨ་རིས་བོད་དོན་ཐོག་ལས་འཆར་འདི་ལྟར་ཤུགས་ཆེ་རུ་བཏང་བ་དེ་བོད་ལ་སེམས་གཏིང་ནས་ཤ་ཚ་བ་མིན་པར། རྒྱ་ནག་གི་དཔལ་འབྱོར་དང་སྲིད་ཇུས་ལ་ཐེ་གཏོགས་བྱ་རྒྱུའི་ཐབས་ལམ་ཞིག་རེད་ཅེས་བཤད་ཀྱིན་པའི་ཐད་ཁོང་གིས། དེ་ཕྱོགས་གཉིས་ཀ་ཡིན་རྒྱུ་རེད་བསམ། ཨ་རི་གཅིག་པོ་མ་ཡིན་པར་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་བོ་ཞིག་གིས་དང་པོ་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ལྟ་བཞིན་ཡོད་པ་རེད། རྒྱལ་ཁབ་གང་ཡིན་ཡང་དེའི་སྲིད་བྱུས་འཛིན་མཁན་གྱི་གང་ཟག་ཡིན་ནའང་རེད། སྒྲིག་འཛུགས་ཡིན་ནའང་རེད། ཆབ་སྲིད་ཚོགས་པ་ཡིན་ནའང་རེད། དེ་ཚོ་རེ་རེ་ལ་མི་འདྲ་བའི་ལངས་ཕྱོགས་རེ་ཡོད་པ་རེད། ལངས་ཕྱོགས་དེའི་ནང་ན་དམངས་གཙོ་དང༌། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པ། མི་རིགས་དང་རྒྱལ་ཁབ་གཞན་པའི་གཉའ་གནོན་འོག་ཡོད་པའི་མི་སྒེར་སོགས་གནས་དེ་ལས་སྐྱོབ་དགོས་པ་དེ་ཁོང་ཚོའི་ལས་འགན་འདྲ་བོ་རེད། དེར་བརྟེན། གནས་ཚུལ་དེ་འདྲ་གང་དུ་ལྷག་ཡོད་ན་དེ་ལ་ཞིབ་བཤེར་བྱ་རྒྱུ་རེད། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་མེད་པ་དངོས་ཡོད་གནས་ཚུལ་ཡིན་པར་བརྟེན། ཨ་རིའི་གཞུང་གིས་གཅིག་རྗེས་གཉིས་མཐུད་བྱས་ནས་རྒྱ་ནག་ལ་རེ་སྐུལ་དང༌། ལས་འཆར་འདི་འདྲ་གཏན་འབེབས་བྱས་པ་རེད། གནས་སྟངས་འདི་རྒྱ་ནག་གིས་ཤེས་དགོས་པ་ཞིག་རེད་མ་གཏོགས། ནམ་རྒྱུན་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནང་གི་དཀའ་ངལ་བཤད་དེ་དེར་ཞིབ་འཇུག་བྱ་དགོས་སྐོར་གླེང་ཡོང་དུས་རྒྱལ་ཁབ་དེས་རྒྱ་ནག་གི་སྲིད་ཇུས་དང་དཔལ་འབྱོར་ལ་ཐེ་གཏོགས་བྱ་རྩིས་ཡོད་སྐོར་བཤད་ཀྱིན་པ་ནི་རྒྱ་ནག་གི་དཔོན་རིགས་ཚོའི་དྲང་བདེན་མིན་པའི་སྐད་ཆ་ཞིག་རེད། རྒྱ་ནག་གི་ངོས་ནས་ཀྱང་ཕྱོགས་གཉིས་ལ་བལྟ་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད་བྱུང༌།

བསྐྱར་བཅོས།: ༢༠༠༩/༠༦/༡༨

Leave a Reply

2 thoughts on “ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་ཐུབ་རྒྱུ་ཁག་པོ་རེད།

  1. ནམ་མཁའ་བསྟན་འཛིན།

    བོད་ཀྱི་རྒྱལ་ས་ལྷ་སར་ཨ་རི་དོན་གཅོད་འཛུགས་དགོས་བའི་རེ་འདུན་དེ་བོད་པས་ཕར་བཏོན་པ་ལས་ཨ་རིའི་གཞུང་གིས་ཚུར་བཤད་པའི་རེ་བ་མིན། ལོ་སྔོན་མའི་གྲོས་འཚོགས་ནང་ལྷ་སར་དོན་གཅོད་ཁང་ཞིག་འཛུགས་རྒྱུའི་གྲོས་ཆོད་བཞག་རྗེས་ལས་དོན་འདིའི་སྔོན་རྩིས་ཁག་ཀྱང་གཏན་འབེབས་བྱས་ཡོད། རྒྱ་ནག་ཏུ་པེ་ཅིན་དང་ཧྲེང་ཧྭེ་སོགས་གྲོང་ཁྱེར་ཆ་ེ་ཁག་ཏུ་ཨ་རིའི་གཞུང་ཚབ་དང་ཡན་ལག་ཁང་དྲུག་བདུན་ཞིག་ཡོད་པ་བཞིན་ཨ་རིའི་ནང་དུ་ཡང་ཝ་ཤིན་ཊོན་དང་ནེའུ་ཡོག ཆིས་ཀ་ཀོ་སོགས་གྲོང་ཁྱེར་ཆེ་ཁག་ཏུ་རྒྱ་ནག་གི་གཞུང་ཚབ་དང་ཡན་ལག་ཁང་ཡང་དྲུག་བདུན་ཞིག་ཡོད་མོད། རྒྱ་ནག་གི་ཚོང་འབྲེལ་ཁེ་ཕན་གྱི་དབང་གིས་ཉེ་བའི་ལོ་ཤས་ནས་ཨ་རིའི་ནང་དུ་གྲོང་ཁྱེར་ཆེ་ཁག་གཞན་འགའི་ནང་དུ་རྒྱ་ནག་གི་དོན་གཅོད་ཡན་ལག་འཛུགས་ཆོག་པའི་རེ་འདུན་བཏོན་ཡོད་སྟབས། གནད་དོན་འདི་ལ་གོང་གི་གྲོས་ཆོད་ནང་གསལ་ཁ་བཟོས་ཏེ་ཨ་རིའི་ནང་དུ་རྒྱ་ནག་དོན་གཅོད་ཁང་གསར་བ་དགོས་ན་རྒྱ་ནག་གི་ས་ཐོག་ནས་ཨ་རིའི་དོན་གཅོད་ཐོག་མ་དེ་ལྷ་སར་འཛུགས་དགོས་ཞེས་སྤྱི་མོས་བྱས་ཡོད།

  2. ཨ་རིས་ཐབས་བཀོད་གསུམ་ལ་བརྟེན་ནས་བོད་དོན་ལ་ཐེ་གཏོགས་བྱེད་རྒྱུར་གོམས་པ།

    དུས་རབས་ཉི་ཤུ་བར་ཕྱི་མིག་ཅིག་བལྟས་ཚེ། ཨ་མེ་རི་ཁའི་བོད་ཀྱི་སྲིད་ཇུས་དེ་ཕལ་ཆེར་དུས་རིམ་གསུམ་བརྒྱུད་ཡོད་པ་སྟེ། དུས་རིམ་དང་པོ་ནི་གསལ་ལ་མི་གསལ་བའི་སྒོ་ནས་ཀྲུང་གོ་དང་བོད་བར་གྱི་“མཆོད་ཡོན་འབྲེལ་བ”ཁས་ལེན་བྱེད་པའི་སྐབས་དང་། དུས་རིམ་གཉིས་པ་ནི་“བོད་དོན་བོད་རང་གིས་ཐག་གཅོད་པ”ཞེས་པའི་ལྟ་བ་བཏོན་པའི་སྐབས། གསུམ་པ་ནི་“བོད་དོན”རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྐབས་བཅས་ཡིན་ལ། དུས་རིམ་རེ་རེའི་ནང་ཨ་རིས་བོད་དོན་ལ་ཐེ་གཏོགས་བྱེད་པའི་ཐབས་དང་བཀོད་པའང་འདྲ་མིན་སྣ་ཚོགས་ཡིན་པ་རེད།

    དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་ཐེ་གཏོགས་བྱེད་པ།

    ཨ་རིའི་དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་བོད་དོན་ལ་ཐེ་གཏོགས་བྱེད་པར་ཧ་ཅང་ དགའ་བོ་བྱེད་བཞིན་ཡོད་པ་སྟེ། ༡༩༥༠ལོའི་ཟླ་༥བའི་ནང་། ཨ་རིའི་རྒྱ་གར་གྱི་ཅར་ཀི་ཏར་སྡོད་པའི་གཞུང་ཚབ་ཁང་གིས་རྒྱ་གར་གྱི་དར་རྒྱས་ གླིང་བརྒྱུད་བོད་སྐྱོར་མཚོན་ཆ་འབོར་ཆེན་ཞིག་བོད་ལྗོངས་སུ་དབོར་འདྲེན་བྱས་ལ། ༡༩༥༩ལོའི་བོད་ལྗོངས་ཀྱི་ངོ་ལོག་ཟིང་འཁྲུག་དོན་རྐྱེན་ཁྲོད་དུ་ཨ་རིའི་དབུས་ གཞུང་གི་གསང་འཕྲིན་ཁང་གིས་ངོ་ལོག་ཟིང་འཁྲུག་མཁན་བརྒྱ་ལྷག་གསོ་སྐྱོང་སྦྱོར་ བརྡར་བྱས་པ་མ་ཟད། ད་དུང་མེ་མདའ་དང་སྒྱོགས་ཆེན་སོགས་འབོར་ཆེན་ཞིག་གནམ་གྲུར་བརྟེན་ནས་བོད་ལ་ དབོར་འདྲེན་བྱས་པ་རེད།

    ཨ་རིའི་ཁན་སཱ་སི་སློབ་གྲྭ་ཆེན་མོས་(University of Kansas)ཉེ་བའི་ལོ་ཤས་ནང་པར་དུ་བསྐྲུན་པའི་《དབུས་གཞུང་གསང་འཕྲིན་ཁང་གིས་བོད་ལྗོངས་སུ་སྤེལ་བའི་གསང་བའི་འཐབ་འཛིང》ཞེས་ པའི་དཔེ་དེབ་ནང་དུ་ཨ་རིའི་དབུས་གཞུང་གི་གསང་འཕྲིན་ཁང་གིས་བོད་ལྗོངས་ཀྱི་ངོ་ ལོག་ཟིང་འཁྲུག་པར་རོགས་སྐྱོར་བྱས་པའི་དོན་དངོས་དམར་རྗེན་དུ་བཏོན་ཡོད་པ་རེད། དཔེ་དེབ་དེའི་ནང་བསྟན་དོན། ༡༩༦༤ ལོའི་སྟོན་ཁར། བོད་མི་བཞི་ཡིས་ཨ་རིའི་དབུས་གཞུང་གསང་འཕྲིན་ཁང་གི་རོགས་སྐྱོར་ལ་བརྟེན་ནས་ཨ་ རིའི་ཁོར་ནེལ་སློབ་གྲྭ་ཆེན་མོ་(Cornell University)ནས་ ཟླ་བ་ ༦ རིང་གསོ་སྐྱོང་སྦྱོང་བརྡར་བྱས་མྱོང་ཞིང་། ཡང་དེའི་རྗེས་སུ་གསོ་སྐྱོང་སྦྱོང་བརྡར་བྱས་པའི་བོད་མི་༡༢དམིགས་བསལ་ལྟེ་གནས་ སམ་ཡང་ན་གསང་འཕྲིན་ཁང་གིས་རོགས་སྐྱོར་བྱས་པའི་རྒྱ་གར་གྱི་ཏི་ལི་དང་སུའེ་ ཙེར་གྱི་ཀྲེ་ནེ་ཝ། ཨ་རིའི་ནུའོ་ཡོ་སོགས་ཀྱི་འཐུས་ཚབ་ཁང་དུ་མངགས་པ་རེད། དེའི་དམིགས་ཡུལ་གཙོ་བོ་ནི་“བོད་རང་བཙན”གྱི་བྱ་འགུལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོགས་སྐྱོར་ཐོབ་ཆེད་ཡིན།

    འཇམ་འཐབ་མཇུག་སྒྲིལ་རྗེས། ཨ་རིའི་དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་འཐབ་ཇུས་ལ་འགྱུར་བ་བཏང་ཞིང་སྔོན་ལྟར་མངོན་ལྐོག་འཛེམ་མེད་ངང་“བོད་རང་བཙན”པར་རྒྱབ་སྐྱོར་བྱེད་པའི་སྤོབས་པ་བྲལ་ན་ཡང་། 《ཝ་ཧྲིང་ཐོན་ཡིག་ཟམ་ཚགས་པར》 དུ་བཀོད་པ་ལྟར་ན། ན་ནིང་ལྷ་སར་བྱུང་བའི་“༣·༡༤”དོན་རྐྱེན་ཁྲོད། ཨ་རིའི་དམག་དོན་དང་གསང་འཕྲིན་ལས་ཁུངས་ཀྱིས་ཏཱ་ལའི་རུ་ཚོགས་དང་རྒྱལ་ནང་གི་“བོད་རང་བཙན་པའི”བར་འབྲེལ་བ་བྱེད་པའི་བརྡ་འཕྲིན་འབྲེལ་ལམ་ཐད་ལ་རོགས་སྐྱོར་བྱས་ཡོད་པ་རེད།

    “འགྲོ་བ་མིའི་ཐོབ་ཐང”གི་ཕྱོགས་ནས་ཐེ་གཏོགས་བྱེད་པ།

    ༡༩༨༨ ལོ་ནས་བཟུང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རེ་རེའི་འགྲོ་བ་མིའི་ཐོབ་ ཐང་གི་སྙན་ཞུའི་ནང་འཛེམ་བག་མེད་པར་ཀྲུང་གོའི་བོད་ཀྱི་སྲིད་ཇུས་དང་བོད་ཀྱི་ འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་སྟེ། ༢༠༠༨ལོའི་ཟླ་༤ཚེས་༡༠ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁ་བྱང་ལ་《བོད་དོན་དང་དེའི་མདུན་ལམ། ཨ་རིའི་ཐབས་ཇུས》ཞེས་པའི་སྙན་ཞུའི་ནང་དུ་“ཀྲུང་གོའི་སྲིད་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་དམངས་གཙོ་དང་རང་དབང་ལ་བཙན་གནོད་བྱེད་བཞིན་ཡོད་པའི”སྐོར་ངན་བརྗོད་བྱས་ཡོད་པ་རེད།

    ལྷག་ པར་དུ་ཨ་རིའི་རྒྱལ་ཚོགས་ཀྱིས་ཆེད་དུ་བོད་དོན་ལས་ཁུངས་བཙུགས་ནས། བཙན་ཤེད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ནི་དཔེར་ན། ༡༩༩༧ལོར་“བོད་དོན་དམིགས་བསལ་འདུམ་འགྲིག་པ”བཀོད་སྒྲིག་དང་། ཨ་རིའི་དམངས་གྲོས་ཁང་གིས་ད་ལོའི་ཟླ་ལྔ་བར་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ“བོད་དོན་སྡེ་ཚན”འཛུགས་པའི་ཇུས་གཞི་བཏོན་པ་མ་ཟད་དེར་གྲོས་འཆམ་བྱུང་ཞིང་། བོད་ལྗོངས་སུ་ཨ་རིའི་གཞུང་ཚབ་ཁང་འཛུགས་པར་རྨང་གཞི་བཏིངས་པ་རེད།

    ཨ་རིའི་སྲིད་འཛིན་གྱིས་གང་སར་འཚམས་འདྲིར་འགྲོ་བཞིན་པའི་ཏཱ་ལའི་བླ་མར་མཇལ་འཕྲད་བྱེད་རྒྱུ་དེ་“འགྲོ་བ་མིའི་ཐོབ་ཐང”ཕྱོགས་ ཀྱི་ཕྱི་འབྲེལ་ཞིག་ཡིན་པའི་ལྟ་ཚུལ་འཛིན་བཞིན་ཡོད་ལ། ༡༩༩༡ལོར་སྲིད་འཛིན་པུའུ་ཧྲི་རྒན་པས་ཏཱ་ལའི་བླ་མར་མཇལ་འཕྲད་བྱས་པ་ནས་པུའུ་ ཧྲི་ཆུང་བའི་བར་གྱི་སྲིད་འཛིན་གསུམ་གྱིས་ཏཱ་ལའི་ལ་མཇལ་འཕྲད་བྱས་མྱོང་ཡོད།

    དེ་ ལས་གཞན། ཕྱི་རྒྱལ་དུ་བོད་སྐད་རླུང་འཕྲིན་གཏོང་བ་ནི་ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ བོད་དམངས་ལ་ཤུགས་རྐྱེན་འཇོག་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། ཨ་རིའི་གཞུང་ཕྱོགས་ཀྱིས་རོགས་སྐྱོར་བྱེད་བཞིན་པའི་“ཨ་རིའི་རླུང་འཕྲིན་ཁང”དང་། “ཨེ་ཤ་ཡ་རང་དབང་རླུང་འཕྲིན”གཉིས་ནི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།

    དཔལ་འབྱོར་རོགས་སྐྱོར།

    ཨ་རིའི་གཞུང་ཕྱོགས་དང་དམངས་ཁྲོད་ཀྱི་རོགས་སྐྱོར་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་ཁ་ བྲལ་བྱ་འགུལ་སྤེལ་བར་དངོས་པོའི་ཐད་ནས་རོགས་སྐྱོར་ཆེན་པོ་ཐོབ་ཡོད་པ་ནི། ༢༠༠༨ལོའི་ཟླ་༡༡པའི་དམངས་གྲོས་ཁང་གི་སྙན་ཞུའི་ནང་དུ་གསལ་བར། ༢༠༠༢ལོ་ནས་བཟུང་། ཨ་རིའི་སྲིད་གཞུང་གིས་ལོ་རེར་“ཡུལ་གྱར་བོད་པར”ཐད་ ཀར་ཨ་རིའི་སྒོར་ཁྲི་༢༠༠ལྷག་གིས་རོགས་སྐྱོར་བྱེད་བཞིན་ཡོད་ལ། དེ་མིན་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གི་ཟླ་༣ཚེས་༡༠ཉིན་གྱི་གསར་འགྱུར་དུ་ བཀོད་པ་ལྟར་ན། ༡༩༨༩ལོ་ནས་༡༩༩༤ལོའི་བར་གྱི་ལོ་དྲུག་རིང་། ཨ་རིས་ཏཱ་ལའི་རུ་ཚོགས་ལ་དཔལ་འབྱོར་གྱིས་རོགས་སྐྱོར་བྱས་ཚད་ཨ་རིའི་སྒོར་ཁྲི་ ༨༧༥ལ་སླེབས་ཤིང་། ཨ་རིའི་དབུས་གཞུང་གི་གསང་འཕྲིན་ལས་ཁུངས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་“ཡུལ་གྱར་བོད་གཞུང”ལ་ཨ་རིའི་སྒོར་ཁྲི་༣༠ཡིས་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད།

    དེ་དང་དུས་མཚུངས་སུ།ཨ་རིའི་དམངས་ཁྲོད་ཚོགས་པར་འབོད་པ་དག་གིས་ཀྱང་ལོ་རེ་བཞིན་ཏཱ་ལའི་ལ་རོགས་སྐྱོར་བྱེད་བཞིན་ཡོད་ལ།དེའི་ ནང་རྒྱལ་ཡོངས་དམངས་ཁྲོད་རོགས་སྐྱོར་ཚོགས་པས་ལོ་རེར་ཨ་རིའི་སྒོར་ཁྲི་༢༠བཀོལ་ ནས་བོད་ཀྱི་དམངས་གཙོ་དོན་གཉེར་བ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་སྐུལ་ བྱེད་པའི་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད་དོ།

    དཔྱད་གཏམ་འདི་ནི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ཞེས་པའི་ནང་བཀོད་འདུག