རྒྱ་ནག་ལ་ཡོང་མི་ཆོག

རྒྱ་ནག་གཞུང་གིས་ནེ་ཌར་ལན་ཌིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཐོངས་མཆན་སྤྲད་མེད་པ་རེད།

Nos ཞེས་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེ་ཌར་ལན་ཌིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཟླ་རྗེས་མའི་ནང་རྒྱ་ནག་ལ་འགྲོ་དགོས་པར་བརྟེན། རྒྱ་ནག་གཞུང་ཚབ་ཁང་ནས་ཐོངས་མཆན་ཞུས་ཡོད་ཀྱང་སྤྲད་མི་འདུག་ལ། འདི་ནི་བདུན་ཕྲག་གཉིས་ཀྱི་གོང་ལ་༧གོང་ས་མཆོག་ནེ་ཌར་ལན་ཌིར་ཕེབས་པ་དེར་འབྲེལ་བ་ཡོད་པར་དོགས་པ་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཉེ་ལམ་ནེ་ཌར་ལན་ཌིའི་གཞུང་ལ་༧གོང་ས་མཆོག་ནེ་ཌར་ལན་ཌིའི་གྲོས་ཚོགས་ནང་གདན་འདྲེན་ཞུས་པ་ཡིན་ན་མཇུག་འབྲས་མི་ལེགས་པ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

བསྐྱར་བཅོས།: ༢༠༠༩/༠༦/༡༩

Leave a Reply

3 thoughts on “རྒྱ་ནག་ལ་ཡོང་མི་ཆོག

  1. དགུ་ཚིགས་སྐྱ་མོ།

    རྒྱ་ནག་གིས་རང་སྐྱོན་མང་པོ་དེ་མུ་མཐུད་དུ་གསང་བར་འདོད་ཀྱང་མ་འོངས་པར་མི་རིང་བར་རྫུན་རྐུབ་རྟོལ་རྒྱུ་ངེས་རེད།

  2. སོག་ལྷ་རྒྱལ།

    རྒྱ་ནག་རྒྱལ་ཁབ་ཆེན་པོ་དེ་ དམར་ཤོག་གི་དཔོན་རིགས་རྣམས་ནི་
    བྱིས་པ་དང་ བུ་མོའི་སེམས་པ་ནང་བཞིན་རེད་འདུག་
    རྒྱ་ནག་མི་དམངས་དེ་། འཛམ་གླིང་མི་དམང་མདུན་ལ་ངོ་ཚ་དགོས་པ་བཟོས་འདུག

  3. བོད། ཤ་ཁྲག་རུས་གསུམ།

    སྲིད་གཞུང་ངན་པ་འདིས་བྱེད་སྟངས་ད་ནི་བོད་ཙམ་མ་ཡིན་པར། བོད་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཆུང་ཆུང་ཚོ་ལ་ཡང་འཇིགས་སྣང་བསྐུར་བཞིན་འདུག སྲིད་གཞུང་འདི་མགོ་རྟིང་མ་ལོག་པ་ཡིན་ན། འཛམ་གླིང་འདི་ནས་སྐྱོན་ངན་རྐྱང་རྐྱང་ལས་བསམ་ཤེས་ཉིན་ཞིག་ཡོད་རྒྱུ་མ་རེད།