བོད་ཀྱི་བུད་མེད་ལྷན་ཚོགས་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ཕྱི་ཚེས་ ༢༠ དགོང་དྲོ་དུས་ཚོད་ ༤ པའི་སྟེང་བོད་གཞུང་ཟློས་གར་ཚོགས་ཁང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས། བཀའ་ཁྲི་རྗེས་མ་འཚོལ་བ། ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་གནང་རྒྱུ་རེད། བགྲོ་གླེང་འདི་ཕ་ཡུལ་དྲ་རྒྱའི་རླུང་འཕྲིན་ནང་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། རླུང་འཕྲིན་ལ་ཉན་མཁན་རྣམས་ཀྱི་དྲི་བ་ཡང་དང་ལེན་གནང་རྒྱུ་ཡིན་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།