རྒྱ་ནག་གི་སེམས་ཁྲལ།

དེ་རིང་སྔ་དྲོ་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དྲ་བའི་སྟེང་གནས་ཚུལ་སྤེལ་དོན། ཟླ་ ༦ ཚེས་ ༢༠ ཉིན། ཏཱ་ལའི་བླ་མས་རྡ་རམ་ས་ལར་ཡོད་པའི་གྲྭ་བ་རྣམས་ལ་བསྟན་པའི་བརྙན་འཕྲིན་ཞིག་ཏུ་འདི་སྐད། ཆོས་སྲིད་གཉིས་ཀྱི་འགན་དེ་མི་གཅིག་གིས་འཁུར་དགོས་ན། དཀའ་ངལ་ཆེན་པོ་ཡོད་པས། ངའི་ཤུལ་འཛིན་པས་མུ་མཐུད་དུ་ཆོས་སྲིད་ཟུང་གི་འགན་འཁུར་བ་འོས་སུ་བབ་མི་འདུག ཅེས་བཤད་པ་རེད།

 

རུའེ་ཁྲེར་སི་Reutersཞེས་པའི་དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཆེ་ཤོས་ཀྱིས་ཚེས་ ༢༡ ཉིན་སྤེལ་བའི་གསར་འགྱུར་དུ་འདི་ལྟར། ཏཱ་ལའི་བླ་མའི་གཏམ་བཤད་ཅིག་ཏུ། བཙན་བྱོལ་བོད་མིརྣམས་ཀྱིས་དམངས་གཙོའི་ཐབས་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་སྲིད་དཔོན་འདེམས་བསྐོ་བྱེད་ཆོག་པ་མ་ཟད། ད་དུང་འདེམས་བསྐོ་བྱས་པ་བརྒྱུད་ནས་ཆོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་མིན་ཐག་གཅོད་བྱས་ཆོག ཅེས་བཀོད་འདུག

 

དབྱིན་ཇིའི་རང་བཙན་ཚགས་པརསོགས་ཀྱི་གསར་འགྱུར་ལྟར་ན། ཏཱ་ལའི་ཐེངས་འདིའི་གཏམ་བཤད་ལ་ནང་དོན་གཙོ་བོ་གཉིས་ཡོད་པ་ནི། དམངས་གཙོའི་འདེམས་བསྐོ་ལག་བསྟར་དང་ཆོས་སྲིད་སོ་སོར་དབྱེ་རྒྱུ་དེ་རེད། ཏཱ་ལའི་ཡིས། འདས་པའི་ལོ་བཞི་བརྒྱའམ་ལྔ་བརྒྱའི་རིང༌། ཏཱ་ལའི་བླ་མ་ནི་ཆོས་སྲིད་ཟུང་གི་དབུ་ཁྲིད་ཡིན་ཞིང༌། དུས་སྐབས་དེར་མཚོན་ན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འཚམ་པ་ཡིན་ཡང༌། ད་ལྟ་དུས་སྐབས་དེ་འདས་ཟིན་ཡོད་པ་རེད་ཅེས་དང༌། ཡང༌། འཛམ་གླིང་ཡོངས་ལ་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་བ་ནི། དམངས་གཙོའི་ལམ་ལུགས་ལ་རང་སྟེང་གི་སྐྱོན་ཆ་ཡོད་ནའང་དེ་ནི་ད་ཡོད་ཀྱི་ལམ་ལུགས་ཡོངས་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་པས། བཙན་བྱོལ་བོད་གཞུངགིས་ དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་པ་དེ་ཡང་འཛམ་གླིང་གི་འཕེལ་ཕྱོགས་དང་བསྟུན་ཐབས་བྱས་པ་ཡིན། ཞེས་དམངས་གཙོའི་ལམ་ལུགས་ལ་བསྟོད་བསྔགས་བྱས་ཡོད་པ་རེད།

 

དམངས་གཙོཞེས་པ་ནི་ཐོག་མཐའ་བར་གསུམ་དུ་ཏཱ་ལའི་ནུབ་ཕྱོགས་དང་བསྟུན་པའི་ཐབས་ཤིག་ཏུ་གྱུར་ཡོད་ལ། ཏཱ་ལའི་མགྲིན་ཚབ་པས་དབྱིན་ཇིའི་རང་བཙན་ཚགས་པརདུ་བཤད་པ་ལྟར་ན། བཙན་བྱོལ་བོད་གཞུང་གིསདུས་རབས་གོང་མའི་ལོ་རབས་ ༦༠ བའི་མཇུག་ནས་བཟུང་དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད་པ་རེད།

 

ཨ་མེ་རི་ཁའི་ཝེ་ཅེ་ནེ་ཡ་སློབ་ཆེན་གྱི་ཆོས་ལུགས་ལ་ཞིབ་འཇུག་གནང་བཞིན་པའི་དགེ་རྒན་ཆེན་མོ་ཁེ་རེན་ལང་Karen Langཞེས་པའི་ལྟ་བ་ལྟར་ན། ཟླ་ ༧ པའི་ཚེས་ ༦ ཉིན་ནི་ཏཱ་ལའི་བླ་མ་ལོ་ ༧༤  རུ་སླེབས་པའི་སྐྱེ་སྐར་ཡིན་ཞིང༌། ཁོས་ད་ཆ་བསམ་བློ་གཏོང་བཞིན་པ་ནི་རྗེས་ཕྱོགས་ཀྱི་བྱ་བ་ཡིན་ལ། ཤུལ་འཛིན་པ་འདེམས་བསྐོ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་དོན་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དང༌། ཆོས་སྲིད་སོ་སོར་དགར་ཚེ། འདེམས་བསྐོ་བྱུང་བའི་མི་དེ་ནར་སོན་པའི་དུས་ཚོད་ཡོད་པ་རེད་སྙམ་གྱིན་ཡོད་ཟེར།

 

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་དང༌། བོད་དོན་པ་ཧུའུ་ཡན་གྱིས་གནས་ཚུལ་དེའི་སྐོར་ལ་འདི་སྐད། ཏཱ་ལའི་ཡིས་ཤུལ་འཛིན་པ་གླེང་བའི་རྒྱུ་མཚན་ནི་ཀྲུང་དབྱང་དང་འབྲེལ་བ་ཡོད་པ་སྟེ། ཆོས་ཀྱི་ཆོ་ག་ལྟར་ན། ཏཱ་ལའི་ཡང་སྲིད་འཚོལ་བ་དེ་མ་གཞི་ལས་སླ་བོ་ཞིག་ཡིན་མོད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ཁོས་བཙལ་བའི་ཤུལ་འཛིན་པ་དེ་ཁས་ལེན་མི་སྲིད་པས་བཤད་སྟངས་སྣ་ཚོགས་བྱུང་བ་རེད་ཅེས་བཤད། ཅེས་བཀོད་འདུག

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “རྒྱ་ནག་གི་སེམས་ཁྲལ།

  1. མུ་མཐུད། བོད་ལྗོངས་བརྙན་འཕྲིན། ཞིང་ཆེན་ཁག་གི་བོད་མི་གནས་ཡུལ་ཚགས་ཤོག་ཚང་མའི་ནང་ཉིན་ལྟར་མཐོང་་རྒྱུ་ཡོད་ལ། ཁོང་གི་མཛད་འཕྲིན་ལ་དགག་རྒྱག་གི་ལས་འགུལ་སྤེལ་རྒྱུ་་ཁོ་ནའི་ཆེད་རྒྱ་ནག་དབུས་གཞུང་གི་མང་ཚོགས་རང་བཞིན་གྱི་སློབ་གསོའི་ལས་འགུལ་ཞེས་པའི་ཡིག་ཆའང་གཏན་འབེབས་བྱས་ཏེ་ཚོགས་ཆེན་ཚོགས་དགོས་པ་སོགས་ལས་འགུལ་སྣེ་མང་ཞིག་སྤེལ་ཏེ་གདོང་ལེན་བྱ་དགོས་ཀྱི་ཡོད་པས་གོང་གསལ་རྩོམ་འཆལ་ལྟ་་བུ་ནི་ལས་གཞི་དེ་ཚོའི་ཁོངས་སུ་གཏོགས་པའི་ཆ་ཤས་ཤིག་རེད། འོན་ཀྱང་བོད་ས་ཤོར་ནས་རིག་གནས་གསར་བརྗེ་སོགས་སྔ་རྗེས་སུ་རྒྱ་ནག་གཞུང་གི་ཡིག་ཆ་འདྲ་མིན་བཏོན་ཏེ་སྐབས་འགར་དགག་པ་བརྒྱབ་པ་དང་། སྐབས་འགར་དགག་པ་མ་བརྒྱབ་ན་འགྲིག་པའི་སྐོར་གླེང་བ། ཡང་ཕྱོགས་གཞན་ཞིག་ནས་སྐུ་ཚབ་ཚོགས་པ་གདན་འདྲེན་ཞུས་ཏེ་བཀའ་་མོལ་ཞུ་འདོད་བྱེད་པ། སྐབས་འགར་སྐུ་དཔར་ཆུང་་ཆུང་མཐོང་ཡང་ཉེས་ཅན་པར་་བརྩིས་ཏེ་རྡུང་རྡེག་་གཏོང་བ་སོགས་གང་ལྟར་༸གོང་ས་མཆོག་གི་མཛད་འཕྲིན་ལ་དོ་ཟླ་མེད་སྟབས་རྒྱ་ནག་དམར་ཤོག་གི་ཚགས་པར་མང་ཆེ་བའི་ནང་༸གོང་ས་མཆོག་མཚན་འཁོད་པའི་རྩོམ་ཡིག་ཞིག་ཡིན་ཚེ་ཚགས་ཤོག་དང་དུས་དེབ་ཀྱི་མདུན་ཤོག་ཏུ་སྤེལ་་དགོས་པའི་རླབས་ཆེན་་གྱི་ནུས་པ་ཞིག་ཡོད་པ་མཚོན་ཐབས་བྱ་གི་ཡོད་ལ། ཉིན་ལྟར་དེ་འདྲའི་དགག་པ་རྒྱབ་དགོས་པའི་རྩོམ་ཡིག་དེ་ཚོའི་ཐོག་ནས་ལས་་གཞི་དེ་ཚོར་ཆེད་དུ་དམིགས་ཏེ་མི་སྣ་མང་པོ་ཆེད་བཙུགས་བྱས་ཡོད་པ་སོགས་ལ་བལྟས་ཚེ་ཏན་ཏན་ང་ཚོའི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་འདི་ནི་ཇི་འདྲའི་གཟི་བརྗིད་ལྡན་པ་ཞིག་རེད་མི་འདུག་གམ། ཐ་ན་དགྲ་བོ་རྒྱ་མི་དམར་པོས་ཀྱང་ཉིན་ལྟར་ཁོང་གི་མཚན་ནས་བོས་ཏེ་ཁོང་གི་མཛད་རྗེས་དང་མཁྱེན་ཡོན་བགྲང་གི་འདུག ངས་དེ་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཞིག་དང་། འཛམ་གླིང་ཞི་བདེར་དགའ་བའི་སྐྱེ་བོ་ཀུན་གྱི་་བསོད་ནམས་ཞིག་རེད་བསམ་གྱི་འདུག

  2. རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་གོང་གསལ་གྱི་རྩོམ་ཡིག་འདི་ནི་ཏཱ་ལའི་བླ་མས་དམངས་གཙོའི་ཐབས་ལ་བརྟེན་ནས་ཤུལ་འཛིན་པ་་འདེམས་རྩིས་བྱ་གི་འདུག་ཅེས་སྡུག་སྐད་བརྒྱབ་བཞིན་པའི་ནང་དོན་གཙོ་བོ་རེད། དེའི་ཐོག་ནས་བོད་མི་་ཚོས་འབྱུང་འགྱུར་གྱི་བཀའ་བློན་་ཁྲི་པའི་འོས་མིར་སྔར་དང་མི་འདྲ་བའི་དོ་སྣང་ཆེན་པོ་བྱ་བཞིན་པ་དེས་རྒྱ་ནག་གཞུང་ལ་སེམས་ཁྲལ་འཕར་མ་ཞིག་ཡོང་གི་ཡོད། འདས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ལོ་མང་ལས་ཀ་བྱ་མྱོང་ཡོད་པའི་བོད་རིགས་ཏང་ཡོན་རྒན་གྲས་མང་པོས་བོད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་འཚོ་ཞུགས་སྐབས་ཐག་གཅོད་མ་བྱུང་ ཚེ་ཕྱིས་འབྱུང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་བོད་ཀྱི་གནད་དོན་རྩོད་གླེང་དང་སྲིད་བྱུས་འཛིན་པའི་དུས་ལ་བབས་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ད་ལྟ་ནང་བཞིན་གྱི་སྐད་ཆ་བཤད་བདེ་པོ་དང་འདེམས་ག་ཡོད་པའི་ལམ་ཁ་ཞིག་ཡོང་མ་སྲིད་ལ། དེ་ལས་ལྡོག་སྟེ་གདོང་ལེན་བྱེད་དཀའ་བའི་གནད་དོན་མང་པོ་ཡོང་རྒྱུ་མ་ཟད། ཞི་འཇམ་གྱི་ཐོག་ནས་ཐག་གཅོད་་ཡོང་རྒྱུའི་ལམ་ཁ་རྙེད་མ་སྲིད་པར་ཡིད་ཆེས་བྱ་བཞིན་ཡོད་སྟབས་ད་བར་རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་མཆོག་གི་སྐུ་ཚེར་སྒུག་སྟེ་རེ་ངན་བཅངས་པའི་སྟོང་བསམ་དེ་རྩིས་ལོག་ཏུ་འགྲོ་བཞིན་ཡོད་པར་ངེས་ཤེས་རྙེད་སྐབས་གཞུང་འབྲེལ་ཚགས་ཤོག་སྟེང་སྔལོའི་བོད་ ཆོལ་གསུམ་གྱི་ཞི་རྒོལ་བྱུང་བ་ནས་བཟུང་ཉིན་ལྟར་༸གོང་ས་་མཆོག་གི་མཚན་བོད་ལྗོངས་ཉིན་ཚགས་དང་ཀྲུང་གོའི་བོད་ལྗོངས་དྲ་བ།

  3. དེང་སྐབས་ཏྰ་ལའི་བླ་མའི་སྐོར་ལ་གླེང་སློང་ག་ས་ག་ནས་ཡང་ཡང་འབྱུང་བཞིན་པས་འདི་ནི་བོད་དོན་ལ་རེ་བ་ཆེན་པོ་འབྱུང་རྒྱུའི་སྔ་ལྟས་ཤིག་རེད།