གཟེངས་རྟགས་འོས་གཞི།

ལོ་འདིའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ནས་ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་བར་དུ། ཏཱ་ལའི་བླ་མ་ནི་གྷན་དྷེའི་རྗེས་འཇུག་ངོ་མ་ཞེས་པའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་གཞི་འདོན་རོགས་ཟེར།

གཟེངས་རྟགས་འདིའི་ལས་གཞི་ནི་ ༢༠༠༨ ལོར་ཐོག་མར་མགོ་བཙུགས་ཡོད་པ་དང་། གཟེངས་རྟགས་ཐོག་མ་དེ་ནི་ ༢༠༡༠ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ སྟེ། འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འབུལ་རྒྱུ་ཡིན་འདུག ལོ་ལྟར་ཉིན་དེར་གཏན་འཁེལ་གྱིས་འབུལ་རྒྱུ་རེད། ཡིན་ཡང་འོས་འཕེན་གྱི་དུས་ཡུན་ནི་ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ནས་གྷན་དྷེའི་འཁྲུངས་སྐར་ཉིན་མོ་སྟེ། ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་བར་དུ་ཡིན་འདུག གཟེངས་རྟགས་འབུལ་སའི་འོས་གཞི་ནི་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་དོན་དང་བོད་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་སུ་ཕྱག་ལས་གནང་མཁན་མི་སྒེར་དང་ཚོགས་པ་གང་རུང་ཡིན་ཆོག་གི་ཡོད་རེད། འོས་གཞི་འདོན་སྟངས་ནི་གློག་འཕྲིན་ཁ་བྱང་དང་སྦྲགས་ཁང་གང་རུང་བརྒྱུད་ནས་འོས་གཞི་འབུལ་ཆོག་ལ། གློག་འཕྲིན་ཁ་བྱང་ནི་ award@globalamityfoundation.in ཡིན་པ་དང་། ས་གནས་ཁ་བྱང་ནི་ M-164, Gautam Nagar, Govindpura, Bhopal-462023 (M.P.) India རེད།

གཟེངས་རྟགས་འབུལ་ཡུལ་གྱི་མཐའ་མའི་འོས་གཞི་ཐག་གཅོད་བྱེད་མཁན་ལ་མི་སྣ་གལ་ཆེན་ ༡༡ ཡོད་པ་རེད། ལས་གཞི་འདི་ནི་མཁས་དབང་ Dr. Mahesh Yadav ཞུ་བ་ཁོང་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

8 thoughts on “གཟེངས་རྟགས་འོས་གཞི།

  1. ང་ཚོས་དངོས་ཡོད་ལ་གཞིགས་ན་གྷན་དྷིའི་རྗེས་འཇུག་གི་ལྟ་གྲུབ་དང་ཆེས་མཐུན་པ་གཅིག་ཡོད། དེ་ནི་མཁས་དབང་ཟམ་དོང་རིན་པོ་ཆེ་མཆོག་འོས་པར་མཐོང་། ཁོང་གཟེངས་རྟགས་སདི་གནང་ན་དོན་དངོས་དང་ཆེས་མཐུན་པ་ཞིག་རེད་སྙམ།

  2. ༸ གོང་ས་མཆོག་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཡང་དག་པ་ཞིག་ལས་གྷན་དྷིའི་རྗེས་འཇུག་ངོ་མ་ཞིག་གཏན་ནས་མ་རེད།

    སྤྱིར་གྷན་དྷི་ཇི་འཛམ་གླིང་ནང་འཚེ་མེད་ཀྱི་དམ་པ་ཆེན་པོ་ཞིག་དངོས་འབྲེལ་ཡིན་ཡང་དུས་རབས་འདིའི་ནང་གི་བོད་ཀྱི་སྐྱབས་མགོན་ཏ་ལའི་བླ་མ་མཆོག་ནི་ཁོང་གི་རྗེས་འཇུག་ཞིག་མིན།

    དེ་གཉིས་བར་ལ་ཕྱོགས་མང་པོར་མི་མཐུན་པའི་ཆ་མང་དག་གཅིག་ཡོད། ང་ཚོས་དངོས་ཡོད་བདེ་དོན་ལ་ཁས་ལེན་བྱེད་དགོས།

  3. འཛམ་གླིང་གི་རླབས་ཆེན་མི་སྣ་གྷན་དྷེའི་མཛད་རྗེས་དེ་བཞིན། མཛད་པ་དངོས་སུ་ཕྱག་བསྟར་སྤེལ་མཁན་༧གོང་ས་མཆོག་ལ་ཆེས་བླ་མེད་ཀྱི་གཟེངས་རྟགས་ཏེ་ཤིན་ཏུ་ནས་འབུལ་འོས་པར་མཐོང་ལ།

    ལོ་རྗེས་མ་ནས་འཇིགས་བྲལ་གཙོ་གཉེར་པ་དོན་འགྲུབ་དབང་ཆེན་སོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་བརྩོན་ལེན་པ་དག་ལ་རིམ་བཞིན་ངེས་པར་འབུལ་ཐུབ་ན་ཤིན་ཏུ་ལེགས།

  4. ཏཱ་ལའི་བླ་མ་ནི་གྷན་དྷེའི་རྗེས་འཇུག་ངོ་མ་ཞེས་པའི་གཟེངས་རྟགས། ༼གྷན་དྷིའི་རྗེས་འཇུག་ངོ་མ་ཏཱ་ལའི་བླ་མ༽ཞེས་པར་བསྒྱུར་ན་བོད་སྐད་དང་མཐུན་ཆེ་སྙམ། གྷན་དྷི་མཆོག་གིས་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྒྱ་གར་རང་བཙན་ཐོབ་ཡོད་པ་དང་། ྋགོང་ས་མཆོག་ནས་ཀྱང་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཐོག་ནས་བོད་དོན་འཐབ་རྩོད་གནང་བས། ༡༩༨༩ ལོའི་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་ད་བར་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་གནང་ཡོད། གཟེངས་རྟགས་འདིའི་གོ་སྒྲིག་གནང་མཁན་མཁས་དབང་ Dr. Mahesh Yadav ཞུ་བ་ཁོང་རྒྱ་གར་བ་རེད། འཚེ་མེད་ཞི་བའི་ལྟ་གྲུབ་འཛིན་མཁན་འཛམ་གླིང་ནང་ཀུན་གྱིས་བཀུར་བའི་དབུ་ཁྲིད་ཆེས་སྙན་གྲགས་ཅན་གྷན་དྷིར་རྒྱ་གར་བ་ཚོས་གུས་བརྩི་ཇི་ཙམ་ཆེན་པོ་ཞུ་བ་དེ་བཞིན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཡང་གུས་ཞེན་མཚོན་སླད་གྷན་དྷིའི་རྗེས་འཇུག་ངོ་མ་ཞེས་མཚན་གསོལ་ཞུས་པ་འདིས་བོད་དོན་ལ་ཤུགས་ཀྱིས་འབྲེལ་བ་ཆགས་པ་དང་ཕན་ཐོགས་ཡོང་ངེས། གཟེངས་རྟགས་ཀྱི་འོས་གཞིར་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་དོན་དང་བོད་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་སུ་ཕྱག་ལས་གནང་མཁན་མི་སྒེར་དང་ཚོགས་པ་གང་རུང་ཡིན་ཞེས་གསལ་པོར་བཀོད་འདུག་པས་འོས་ཆོས་ཚང་བའི་སྐྱེ་བོ་སུ་འདྲ་ཞིག་ལ་འོས་འཕེན་བྱ་རྒྱུ་སོ་སོའི་རང་དབང་རེད།