གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་སླ་བའི་ས་ཁུལ་ནི། མདོ་དབུས་མཐོ་སྒང་གི་ས་ཁུལ་ཆགས་ཡོད་འདུག་པ་དང་། ད་ལོའི་སྤྱི་ཟླ་བདུན་པར་འདས་པའི་ལོ་ངོ་ལྔ་བཅུའི་རིང་གི་གནམ་གཤིས་དྲོད་ཚད་ཆེས་མཐོ་བའི་ཚད་ཐིག་ལ་སླེབས་ཡོད་འདུག
རྒྱ་ནག་དབུས་གནམ་གཤིས་རྟོག་དཔྱོད་སྡེ་ཚན་གྱིས་ཕྱི་ཚེས་ ༣ ཉིན་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པ་ཆེས་བསླ་བའི་ས་ཁུལ་ནི། མདོ་དབུས་མཐོ་སྒང་གི་ས་ཆ་འདི་ཡིན་པ་དང་། ད་ལོའི་སྤྱི་ཟླ་བདུན་པར་བོད་ལྗོངས་ས་ཁུལ་གྱི་གནམ་གཤིས་དེ་སྤྱི་ལོ་ ༡༩༥༩ ལོ་ནས་ད་ལྟའི་བར་གྱི་དྲོད་ཚད་ཆེས་མཐོ་ཤོས་སུ་སླེབས་ཤིང་། རྒྱུན་ལྡན་ལས་ཚད་རིམ་ ༢ ཙམ་འཕར་ཏེ། ལྷ་སའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་ཆར་བ་འབབ་ཚད་དུས་རྒྱུན་ལས་གསུམ་ཆའི་གཅིག་ཉུང་དུ་ཕྱིན་ཡོད་འདུག མདོ་དབུས་མཐོ་སྒང་ནི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཚབ་ཆེ་ཤོས་དེ་ཆགས་དོན། ས་ཁམས་ཆགས་ཚུལ་དང་རང་བྱུང་ཁོར་ཡུག་གི་དམིགས་བསལ་ཁྱད་ཆོས་ཁག་ཅིག་ལ་འབྲེལ་བ་ཡོད་འདུག