རྒྱ་བོད་གཉིས་ཀྱི་ཚོགས་ཆེན་མཇུག་བསྒྲིལ་བ།

རྒྱ་ནག་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ལས་བྱེད་ཉུང་མཐར་ ༤༠༠།༠༠༠ ལྷག་ཙམ་སྤོ་འཇོག་བྱས་ཡོད་ཅིང། གལ་སྲིད་རྒྱ་ནག་དབུས་གཞུང་དང་བཙན་བྱོལ་བོད་གཞུང་བར་གྱི་གྲོས་མོལ་ལེགས་འགྲུབ་བྱུང་ཚེ། ཕྱི་ཉིན་ནས་མི་སྣ་དེ་ཚོ་ལས་མེད་དུ་འགྱུར་རྒྱུ་བསྙོན་མེད་ཡིན་པར་བརྟེན། འཚོ་བའི་གནད་དོན་གྱི་ཆ་ནས་རྒྱ་བོད་གྲོས་མོལ་མདུན་བསྐྱོད་ཀྱི་ལམ་བུ་དེར་དཀའ་ཚེགས་ཆེན་པོ་ཡོད་པ་རེད་ཟེར།
   
ཟླ་འདིའི་ཚེས་ ༩ ཉིན་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན།  ཐེངས་འདིའི་ཉིན་གསུམ་རིང་གི་རྒྱ་བོད་ཚོགས་ཆེན་དེ་རེས་གཟའ་སྤེན་པའི་ཉིན་མཇུག་བསྒྲིལ་ཡོད་པ་དང། ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོའང་རྒྱ་མི་རིགས་ཚོས་གཞིས་བྱེས་བོད་མིའི་འཚོ་བའི་དངོས་དོན་གནས་སྟངས་དེ་ཤེས་རྟོགས་ཡོང་སླད་དང་། ལྷག་པར་རྒྱ་བོད་གཉིས་ཀྱི་གྲོལ་མོལ་མདུན་བསྐྱོད་ཆེད་དུ་ཐབས་ལམ་གང་འདྲ་ཞིག་བསྟེན་དགོས་མིན་གྱི་ཐད་རེད། ཉིན་གཉིས་ཀྱི་ཚོགས་དུས་བགྲོ་གླེང་སྐབས་སུ་རྒྱ་བོད་སྐུ་ཚབ་ ༡༠༠ ལྷག་ནས་རུ་ཁག་བཞིར་ཆ་བགོས་ཀྱིས། རུ་ཁག་གཉིས་ནས་རྒྱ་བོད་འབྲེལ་མོོལ་རྒྱུན་མཐུད་ཡོང་སླད་ཐབས་ལམ་གསར་འཚོལ་དང། གཞན་གཉིས་ནས་རྒྱ་རིགས་མང་ཚོགས་ལ་བོད་དོན་བརྒྱུད་སྤེལ་ཇི་ལྟར་བྱ་དགོས་མིན་བཅས་ཀྱི་ཐབས་ལམ་གཉིས་པོར་ཚོགས་བཅར་བས་བསམ་ཚུལ་གསར་པ་རེ་འདོན་སྤེལ་བྱས་ཡོད་པ་དང།  དེའི་འཕྲོས་སུ་རྒྱ་རིགས་ཤིག་གིས་གསུངས་དོན། རྒྱ་ནག་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ལས་བྱེད་ཉུང་མཐར་ ༤༠༠།༠༠༠ ལྷག་ཙམ་སྤོ་འཇོག་བྱས་ཡོད་ཅིང། གལ་སྲིད་རྒྱ་ནག་དབུས་གཞུང་དང་བཙན་བྱོལ་བོད་གཞུང་བར་གྱི་གྲོས་མོལ་ལེགས་འགྲུབ་བྱུང་ཚེ། ཕྱི་ཉིན་ནས་མི་སྣ་དེ་ཚོ་ལས་མེད་དུ་འགྱུར་རྒྱུ་བསྙོན་མེད་ཡིན་པར་བརྟེན། འཚོ་བའི་གནད་དོན་གྱི་ཆ་ནས་རྒྱ་བོད་གྲོས་མོལ་མདུན་བསྐྱོད་ཀྱི་ལམ་བུ་དེར་དཀའ་ཚེགས་ཆེན་པོ་ཡོད་པ་རེད་ཅེས་དང། ཡང་གཞན་ཞིག་གིས། ང་བོད་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་ཡང་། བོད་མིའི་ཆོས་དང་རིག་གཞུང་། ཆེས་མཐོའི་མི་རིགས་ཐོབ་ཐང་སྲུང་སྐྱོབས་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་དང། ང་རང་བོད་ལ་སྔར་ནས་བསྐྱོད་མྱོང་ཡོད་པས་བོད་ཀྱི་གནས་སྟངས་ཇི་ཡིན་རགས་ཙམ་ཤེས་ཀྱི་ཡོད་ལ། ད་ཐེངས་ང་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་དེ་ཡིག་ཐོག་ནས་གཞི་རྒྱ་ཆེ་བ་དང་རྒྱུན་ཆད་མེད་པར་ཕྱིར་བསྒྲགས་བྱས་ཏེ། རྒྱ་ནག་གཞུང་གིས་མི་རིགས་རིང་ལུགས་ཀྱི་དྲིལ་བསྒྲགས་རིགས་དེ་ཚོ་བཀག་འགོག་ཐུབ་པ་དགོས་ཞེས་གསུངས་ཡོད་པ་རེད། ཚོགས་དུས་མཐའ་མའི་ཉིན་ཐུན་མོང་གིས་མོས་མཐུན་བྱུང་བའི་གྲོས་ཆོད་བཞི་གཏན་འབེབས་བྱས་ཏེ་མཇུག་སྡོམ་མཛད་སྒོའི་ཉིན་སྒྲོག་སྦྱང་བྱས་ཡོད་པ་རེད།
   

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “རྒྱ་བོད་གཉིས་ཀྱི་ཚོགས་ཆེན་མཇུག་བསྒྲིལ་བ།

  1. གངས་རིའི་གླིང་བུ།

    ང་ཚོ་ཐབས་ལམ་ཡག་ཤོས་དང་བཟང་ཤོས་དེ་བོད་རྒྱ་གཉིས་ཀྱི་བསམ་ཚུལ་བརྗེ་རེས་དང་གཉིས་ཀ་མུ་མཐུད་དུ་གླེང་སློང་མང་ཙམ་བྱས་ཏེ་རྣམ་རྟོག་གཙང་གསལ་བཟོ་རྒྱུ་དང་ཕུན་ཚུན་ལ་ཡིད་ཆེས་བློ་བཀལ་རྒྱ་ཆེར་བསྐྱེད་རྒྱུར་དེ་རེད།

  2. བོད། ཤ་ཁྲག་རུས་གསུམ།

    ངས་ཀྱང་གོང་གི་གྲོས་ཆོད་དེ་དག་གང་ཞིག་བཞག་པ་ཡིན་མིན་ཤེས་འདོད་འདུག་ན། དུས་བབ་ཚང་གིས་འདི་རུ་འགོད་ཐུབ་རེ་ཡོད་ན་འགོད་རོགས་ཞུ། ང་ཚོས་གྲོས་ཆོད་བཞག་འདུག་ཟེར་བ་གོ་བ་དེ་ཙམ་གྱིས་འགྲིག་གི་མི་འདུག་ན། ངེད་ཅག་གིས་དེ་དག་ཤེས་རྒྱུ་ནི་དངོས་ནས་གལ་ཆེན་རེད་འདུག དུས་བབ་ཚང་གིས་དཀའ་ཚེགས་ལ་མ་འཛེམ་པར་གྲོས་ཆོད་དོན་ཚན་བཞི་དེ་འདི་རུ་འགོད་ཐུབ་ཡོང་བ་ཤོག

    གྲོས་ཆོད་དོན་ཚན་བཞི་བོ་ནི་བོད་མི་སྤྱི་བོ་ཡོངས་ཀྱི་ཤེས་དགོས་པ་ཞིག་ལས་གཞུང་འབྲེལ་མི་སྣ་ཁ་ཤས་ཀྱི་ཐག་གཅོད་བྱས་པ་ཙམ་ཞིག་ཆགས་ན། དེ་ནི་དངོས་ནས་མ་འོངས་པར་ཉེན་ཁ་ཞིག་ཆགས་མི་སྲིད་པ་མ་རེད། དེ་ལ་བོད་མི་མང་གིས་འདོད་བློ་ཡོད་མེད་ཀྱང་མ་རིག་ན་ཤེས་རྒྱུ་མེད་སྟབས། དེ་ནི་དངོས་ནས་འདི་རུ་འགོད་ཐུབ་ལ་བརྩོན་རོགས་གནོངས།

  3. ཚོགས་ཆེན་སྟེང་བཞག་པའི་རྒྱ་བོད་ཚོགས་བཅར་བ་སྤྱི་མོས་ཀྱི་གྲོས་ཆོད་བཞི་ནི་གང་དག་ཡིན་པ་དང་། མ་འོངས་པར་གྲོས་ཆོད་དེ་དག་ཁ་ཡོད་ལག་ཡོད་ཀྱིས་ལག་བསྟར་བྱེད་ངེས་ཡིན་མིན། གཞན་ཚོགས་འདུའི་སྐབས་སུ་བགྲོ་གླེང་གནད་ཡོད་ཁག་གང་དང་གང་དག་བྱུང་མིན་སོགས་ཀྱང་གསལ་འགོད་ཐུབ་ན་ཧ་ཅང་དགེ་ཕན་ཆེན་པོ་འབྱུང་བསམ།