ལན་དཀྱོག་དཀྱོག་ཅིག་བསླེབས་འདུག་གམ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༥༧ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ལ་གཞི་རིམ་གྱི་ངོས་འཛིན་ཞིག་བྱེད་བཞིན་པའམ། ཡང་ན། སྔར་ལོའི་བཙན་བྱོལ་བོད་གཞུང་གི་དགོས་འདུན་ཁག་ལ་ལན་འདེབས་དཀྱོ

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ལན་དཀྱོག་དཀྱོག་ཅིག་བསླེབས་འདུག་གམ། རྩོམ་སྒྲིག་པས།

  1. རྒྱལ་སྲིད་སྤྱི་ཁྱབ་ཁང་ཞེས་པས་ད་ལོའི་ཕྱི་ཟླ་ 4་པའི་ནང་འགྲེམས་སྤེལ་བྱས་པའི་ 2009།2010་ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཡིག་ཆ་གཏན་འབེབས་གསལ་བསྒྲགས་བྱས་ཡོད་འདུག་ཅིང༌། ཉེ་ཆར་གོང་གསལ་ཡིག་ཆ་དེ་ལས་དོན་ཚན་བདུན་ཞིག་དམིགས་སུ་ཟུར་དུ་བཏོན་ནས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག དོན་ཚན་དེ་དག་ནང་གི་དོན་ཚན་དང་པོ་ཙམ་མ་ཡིན་པར་དོན་ཚན་གཉིས་པའི་ནང་དུའང་གྲངས་ཉུང་མི་རིགས་ཀྱིས་ཁྲིམས་ལྟར་མི་རིགས་རང་སྐྱོང་ ས་ཁུལ་གྱི་ལས་དོན་བདག་སྐྱོང་དང་རྒྱལ་ཁབ་ཀྱི་ལས་དོན་བདག་སྐྱོང་བྱེད་པའི་ཁེ་དབང་འགན་སྲུང་བྱ་རྒྱུ་ཡིན་པ་སོགས་ལ་བལྟས་ཚེ་ང་ཚོ་བཙན་བྱོལ་ བོད་གཞུང་ངོས་ནས་རྒྱ་ནག་གཞུང་ལ་གནང་བའི་དགོས་འདུན་ཡིག་ཆ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པའི་རྣམ་འགྱུར་མངོན་པ་མ་ཟད། གནད་དོན་དེ་དག་ཐད་ནས་རྒྱ་ནག་གཞུང་ནས་རང་གཞུང་ནས་བཏོན་པའི་དོན་གནད་ཁག་ལ་བསམ་གཞིགས་ཞིག་མ་བྱེད་ཀ་མེད་ཆགས་པའམ་རྒྱལ་སྤྱིའི་ཐོག་རྣམ་འགྱུར་ མ་བཏོན་ཀ་མེད་ཆགས་པའི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པར་ང་ཚོས་ཡིད་ཆེས་བྱ་ཆོག་པ་མ་ཟད། དོན་དངོས་སུ་ལག་ལེན་འཁེལ་རྒྱུ་ཧ་ཅང་ཁག་པོ་ཡིན་ཀྱང་ང་ཚོའི་དགོས་འདུན་ལ་བརྡ་ལན་བྱས་པ་དང་གཉིས་སུ་མི་འདུག འོན་ཏེ་ང་ཚོས་ད་ལྟའི་ཆར་ཁོང་ཚོས་བཏོན་པའི་ཡིག་ཆ་དེ་དག་དོན་དངོས་ཐོག་ལག་ལེན་གང་འདྲ་ཞིག་བྱ་མིན་ཐེ་ཚོམ་དང་རེ་བ་མེད་པར་ཡིད་ཆེས་བྱ་ཆོག་ཀྱང་། བཙན་བྱོལ་བོད་གཞུང་ནས་བཏོན་པའི་དགོས་འདུན་དེ་དག་ཧ་ཅང་གནད་ལ་འཁེལ་བ་ཞིག་བྱུང་འདུག་སྙམ་པའི་རང་ཉིད་ལ་ཚོར་སྣང་བྱུང༌༎