ང་བཙན་འཁྲིད་བྱས་པ་རེད།

སྤྱིར་རྒྱ་མིིའི་ཉེན་རྟོག་པས་ང་རང་བཀག་ཉར་གྱི་རིང་གཅར་རྡུང་གིས་མཚོན་པའི་ལུས་ལ་སྡུག་སྦྱོང་བཏང་མ་བྱུང་ཡང། འཛིན་བཟུང་བཀག་ཉར་བྱེད་ཆོག་པའི་ཡིག་ཆ་སྟོན་རྒྱུ་མེད་པའི་ཁར་། ད་བར་བཙན་འཁྲིད་ཀྱིས་བཀག་ཉར་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་མཐུན་པ་ཞིག་རེད།

ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོས་པས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་པེ་ཅིན་མི་རིགས་མཐོ་སློབ་ཀྱི་དཔལ་འབྱོར་རིག་གནས་མཁས་དབང་དང། ཡུ་གུར་བའི་དྲྭ་རྒྱ་ Uyghurbiz.net ཡི་ཆེད་སྒྲིག་པ་ཊོ་ཊི་ Tohti ལགས། ཟླ་འདིའི་ཚེས་ ༢༢ ཉིན་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་ལྟར་ན། ཉེ་དུས་ཡུ་གུར་བ་དང་ཧན་རིགས་ཚོའི་ཟིང་འཁྲུག་སྐབས་སུ་ཁོ་བོས་ཡུ་གུར་བ་ཚོ་དང་། ཧན་རིགས་ཚོའི་བར་གྲོས་མོལ་གྱི་ལམ་ནས་གྱོད་དོན་ཐག་གཅོད་དགོས་པའི་དགོས་འདུན་བཏོན་ཡོད་ཅིང། ཞིན་ཅང་གི་ཡུ་གུར་བའི་ཟིང་འཁྲུག་གི་ཉིན་གྱི་ ༣ རྗེས་ཏེ། ཕྱི་ཟླ་ ༧ པའི་ཚེས་ ༨ ཉིན་ཁོ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང། དེ་ནས་ད་བར་གློད་གྲོལ་གཏོང་རག་བར་གར་སོང་ཆ་མེད་དུ་གྱུར་བ་རེད། དེ་གའི་ཡུལ་མི་ཉུར་མཐར་ ༤༠༠ ལྷག་ནས་ཁོང་གློད་གྲོལ་ཡོང་བའི་ཞུ་ཡིག་ཅིག་གཞུང་ལ་ཕུལ་ཡོད་ལ། བདུན་ཕྲག་དྲུག་རིང་གི་བཀག་ཉར་རྗེས་སུ་གློད་གྲོལ་བཏང་ཡོད་ཀྱང་། ཁོང་ལ་མུ་མཐུད་ནས་སོ་མྱུལ་བྱེད་མུས་ཡིན་འདུག ཊོ་ཊི་ཡིས་བརྗོད་དོན། ཟླ་སྔོན་མའི་ནང་ང་རང་འཛིན་བཟུང་བྱས་པ་དང། དང་ཐོག་བཙོན་དུ་བཅུག་ཅིང། དེ་ནས་པེ་ཅིན་གྱི་མགྲོན་ཁང་ཞིག་ཏུ་བཙན་འཁྲིད་ཀྱིས་མི་སུ་གང་དང་སྐད་ཆ་ཤོད་མ་བཅུག་པར་བཀག་ཉར་བྱས་བྱུང།  སྤྱིར་རྒྱ་མིིའི་ཉེན་རྟོག་པས་ང་རང་བཀག་ཉར་གྱི་རིང་གཅར་རྡུང་གིས་མཚོན་པའི་ལུས་ལ་སྡུག་སྦྱོང་བཏང་མ་བྱུང་ཡང། འཛིན་བཟུང་བཀག་ཉར་བྱེད་ཆོག་པའི་ཡིག་ཆ་སྟོན་རྒྱུ་མེད་པའི་ཁར་། ད་བར་བཙན་འཁྲིད་ཀྱིས་བཀག་ཉར་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་མཐུན་པ་ཞིག་རེད་ཅེས་དང། དེ་བཞིན་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་དང། ཝང་ལི་ཞོན་གཉིས་ནས་ཀྱང་ཁོང་གློད་གྲོལ་ཡོང་ཆེད་ཟླ་སྔོན་མའི་ཚེས་ ༡༢ ཉིན་རྒྱ་གཞུང་ལ་ཞུ་ཡིག་ཅིག་ཕུལ་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ནས་ད་བར་ཁོང་གར་སོང་ཆ་མེད་གྱུར་ཚུལ་གྱི་ཐད་ལ་ཁོང་གུང་གསེང་དུ་ཕྱིན་ཚུལ་བརྗོད་པ་མ་གཏོགས། དོན་དངོས་ཀྱི་རྒྱུ་མཚན་གང་ཡིན་ད་བར་བརྗོད་ཡོད་མི་འདུག་ལ།  ཊོ་ཊི་ལགས་ནས་ཉེ་ཆར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན། ད་ཆ་ང་རང་གློད་གྲོལ་བྱུང་ཡང་ཉེན་རྟོག་པས་རྒྱུན་པར་འཇིགས་སྣང་ཚད་མེད་སྐུལ་གྱིན་འདུག་པས། ངའི་བསམ་པར་ཉིན་ཞིག་ང་ལ་སྲོག་ཆད་གཏོང་རྒྱུ་རེད་དྲན་གི་འདུག་ཅེས་བཤད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ང་བཙན་འཁྲིད་བྱས་པ་རེད།

  1. མཁས་པ་འདིས། འཛིན་བཟུང་བཀག་ཉར་བྱེད་ཆོག་པའི་ཡིག་ཆ་སྟོན་རྒྱུ་མེད་པའི་ཁར་། ད་བར་བཙན་འཁྲིད་ཀྱིས་བཀག་ཉར་བྱས་པ་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་མཐུན་པ་ཞིག་རེད་ཅེས་པའི་སྐད་ཆ་འདི་ནི་ཁོང་གི་རྒྱ་ནག་གི་ཁྲིམས་ལུགས་གཞི་རྩར་བཞག་སྟེ་བཤད་པའི་སྐད་ཆ་ཞིག་རེད།

    ང་ཚོ་བོད་མི་ཚོས་ཀྱང་འདི་ལྟའི་རྒྱ་ནག་གི་ཁྲིམས་ལུགས་ཀྱི་ནང་དོན་ངེས་པའི་ཐོག་ནས་རང་ཉིད་དག་འབུད་བྱེད་ཐུབ་ན་དེ་ནི་ཐབས་ལམ་དམིགས་བསལ་བ་ཞིག་ཆགས་ངེས།

    ཁ་སྔོན་ངས་མཆན་གཞན་ཞིག་གི་ནང་དུ་བཤད་པ་ལྟར། བོད་པའི་འཐབ་རྩོད་པ་ཚོར་ཡང་རྒྱ་ནག་གི་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་ཆད་བྱེད་ཀྱི་ཡོད་པ་ང་ཚོས་ར་སྤྲོད་བྱེད་དགོས་པ་ཡིན།