ཞིབ་འཇུག་སློབ་མའི་ཡིག་རྒྱུགས།

རྒྱ་ནག་གིས་ ༢༠༡༠ ལོའི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཁྲོད་ཆབ་སྲིད་ཀྱི་ནང་དོན་སྔོན་མ་ལས་ཤུགས་ཆེར་གཏོང་རྒྱུ་ཡིན་ཟེར།
ཕྱི་ཚེས་ ༢༦ ཉིན་རྒྱ་ནག་ཉིན་རེའི་ཚགས་པར་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་རྒྱ་ནག་རྒྱལ་ཡོངས་ནང་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཁྲོད་སློབ་མ་ཁྲི་ ༡༢༤༌༦ འཛུལ་ཞུགས་བྱས་ཡོད་ཅིང་། དེ་ནི་ལོ་སྔོན་མའི་གྲངས་འབོར་ལས་སློབ་མ་ཁྲི་ ༤༌༦ གིས་འཕར་ཡོད་ཚུལ་བརྗོད་ཡོད་པ་རེད། ཡིན་ནའང་། ཕྱི་ཚེས་ ༢༥ ཉིན་རྒྱ་ནག་སློབ་གསོ་ཚན་པས་སྔོན་སྲོལ་ལ་འགྱུར་བ་བཏང་སྟེ། ༢༠༡༠ ལོའི་ཞིབ་འཇུག་སློབ་མ་བསྡུ་རུབ་ཀྱི་ཡིག་རྒྱུགས་ནང་ཆབ་སྲིད་ཀྱི་ནང་དོན་སྔོན་མ་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། ཉེ་སྔོན་སློབ་ཆེན་སློབ་མར་ཁྲིད་བཞིན་པའི་ཁྲིད་གཞི་མར་ཁེ་སི་རིང་ལུགས་ཀྱི་ལྟ་གྲུབ་དང་མའོ་ཙེ་ཏུང་གི་བསམ་བློ། ཏིན་ཞོ་ཕིན་གྱི་རིག་པའི་གཞུང་ལུགས། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་གྱི་དགོངས་དོན་བཅས་ཀྱི་ནང་དོན་ཐད་སྔོན་མའི་སྐར་གྲངས་ ༣༨ ནས་ ༣༠ ཕབ་ཡོད་པ་དང་། རྒྱ་ནག་གི་ད་ལྟའི་སྲིད་བྱུས་དང་འབྲེལ་བའི་སྐོར་ལ་སྔོན་མའི་སྐར་གྲངས་སྐར་མ་ ༢༠ ནས་ ༡༦ ལ་མར་ཆགས་ཡོད་ཚུལ་བརྗོད་ཡོད་ནའང་། ༢༠༡༠ ལོའི་ཡིག་རྒྱུགས་ཁྲོད་འདི་དག་ནང་དོན་ལས་ད་ལྟའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་རྒྱལ་ཁབ་ཀྱི་སྲིད་བྱུས་ལངས་ཕྱོགས། རྒྱ་ནང་དུ་བྱུང་བའི་མི་རིགས་ཁག་གི་དོན་རྐྱེན་ཁག་དང་འབྲེལ་བའི་སྐོར་ཤུགས་ཆེར་གཏོང་རྒྱུ་ཡིན་ཚུལ་བརྗོད་ཅིང་། དེ་དག་གིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆ་ ༡༨ འཕར་སྣོན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཞིབ་འཇུག་སློབ་མའི་ཡིག་རྒྱུགས།

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར།

    རྒྱ་ནག་གི་བྱེད་སྟངས་འདི་རིགས་ལ་རྒྱལ་སྤྱིའི་སྟེང་གི་དྲང་བདེན་ལ་དགའ་བ་ཡོངས་ཀྱིས་ཡིད་གཟབ་དང་། ཐུགས་སྣང་གནང་དགོས།