རྒྱ་ནག་གི་དོགས་འདྲོག

ཁ་སང་ཕྱི་ཚེས་ ༡༥ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་བཀོད་པའི་གནས་ཚུལ་ནང་། ཟླ་ ༩ ཚེས་ ༡༠ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པུ་ར་གྷོ་ནས་༧གོང་ས་མཆོག་དང་། འཛམ་གླིང་གི་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ར་བྷེ་ཡཱ་གཉིས་མཇལ་འཕྲད་གནང་ཡོད་པ་མ་ཟད་མཉམ་དུ་སྐུ་པར་སྒྲོན་ཡོད་ཚུལ་དང་། གཟའ་པ་སངས་ཉིན་ཁོང་གཉིས་ཡུལ་དེར། ཨེ་ཤ་ཡའི་ཞི་བདེ་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། ཞེས་པའི་ཚོགས་འདུར་ཞུགས་ཤིང་། ༧གོང་ས་མཆོག་གིས་ར་བྷེ་ཡཱ་དང་ཚོགས་འདུ་གོ་སྒྲིག་གནང་མཁན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་རྣམ་གཉིས་མཚམས་སྦྱོར་གནང་ཡོད་པ་མ་ཟད། སྐབས་དེར་ར་བྷེ་ཡཱ་ཡིས་དབྱིན་སྐད་མི་ཤེས་སྟབས། ༧གོང་ས་མཆོག་གིས་གསུང་བསྒྱུར་གནང་ཚུལ་སོགས་བཀོད་འདུག

གསར་འགྱུར་དེའི་ནང་༧གོང་ས་མཆོག་དང་ར་བྷེ་ཡཱ་རྣམ་གཉིས་ཀྱི་གསུང་ཚིག་དུམ་བུ་རེ་ལུང་འདྲེན་བྱས་བའི་ནང་། ཕྱི་ཚེས་ ༡༠ ཉིན་གྱི་གསར་འགོད་ལྷན་ཚོགས་སྟེང་། ཏཱ་ལའི་བླ་མས། ར་བྷེ་ཡཱ་ནི་ཡུ་གུར་གྱི་མི་ཧུར་པོ་བ་དེ་དག་དང་བསྡུར་ན་ཞི་ཞིང་དུལ་བ་ཞིག་རེད། ར་བྷེ་ཡཱ་ང་ཚོའི་ལངས་ཕྱོགས་ལ་ཧ་ཅང་འཐད་པ་མ་ཟད། དྲག་ཤུགས་ལ་བརྟེན་ནས་ལས་འགུལ་མི་སྤེལ་རྒྱུར་ཡང་ཧ་ཅང་འཐད་པ་རེད། ངས་བསམ་ན་ཁོ་མོའི་བསམ་ཚུལ་ཡང་རང་སྐྱོང་བྱེད་འདོད་པ་ལས་ཁ་བྲལ་གཏོང་མི་འདོད་པ་དེ་རེད། ཅེས་བརྗོད་པ་རེད། ཅེས་བཀོད་འདུག ཡང་ཉིན་དེའི་ར་བྷེ་ཡཱ་ཡི་སྐད་ཆ་ལུང་འདྲེན་བྱས་དོན། ར་བྷེ་ཡཱ་ཡིས། ད་ལོའི་ ༧་༥ དོན་རྐྱེན་གྱི་འགན་ཡང་ནས་ཡང་དུ་གཡོལ་ཐབས་བྱས་རྗེས། ཧ་ཅང་ངོ་ཤེས་ཀྱི་ཚུལ་དུ་ཏཱ་ལའི་བླ་མའི་བསམ་ཚུལ་དང་བསྟུན་ཏེ། ཀྲུང་གོའི་སྲིད་གཞུང་གིས་བག་ཕེབས་པའི་ངང་ཏཱ་ལའི་བླ་མ་དང་བཞུགས་མོལ་གནང་རྒྱུའི་རེ་འདུན་ཡོད་ཚུལ་བརྗོད་པ་རེད། ཅེས་སོགས་བཀོད་འདུག

མཇུག་ཏུ་རྒྱ་རིགས་ཕན་ཀྲི་ཕེང་གིས་ཐེངས་འདིར་༧གོང་ས་མཆོག་དང་ར་བྷེ་ཡཱ་གཉིས་མཇལ་འཕྲད་སྐོར་ལ་དཔྱད་གཏམ་སྤེལ་བའི་ནང་། ཕྱི་ཚུལ་ནས་བལྟས་ན། ཏཱ་ལའི་བླ་མས་བོད་རང་བཙན་དང་ཞིན་ཅང་རང་བཙན་ལ་དེ་ཙམ་དོ་སྣང་བྱེད་ཀྱིན་མེད་ནའང་། ལྐོག་ཏུ་ཕན་ཚུན་བར་མཉམ་ལས་བྱེད་ཀྱིན་ཡོད་ཚུལ་དང་། ཟླ་ ༧ ཚེས་ ༡༤ ཉིན་ཕྱི་རྒྱལ་གསར་ལམ་ཁག་ཅིག་ཏུ་བཀོད་པའི་གནས་ཚུལ་ནང་། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ཏཱ་ལའི་བླ་མར་འཕྲིན་ཡིག་བཏང་སྟེ། མཉམ་འབྲེལ་ཐོག་ཀྲུང་གོར་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བསྒྲགས་ཀྱང་། ཟླ་ ༧ ཚེས་ ༡༦ ཉིན་གྱི་ཨ་རིའི་གསར་ལམ་ཞིག་ཏུ་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས། ང་ཚོའི་ལག་ཏུ་དེ་འདྲའི་འཕྲིན་ཡིག་གཅིག་ཀྱང་འབྱོར་མེད་ཚུལ་བརྗོད་དེ་ངོས་ལེན་བྱས་མེད་ཚུལ་སོགས་བཀོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “རྒྱ་ནག་གི་དོགས་འདྲོག

  1. གླག་སྨྱོན།

    རྫིན་མ་རྐྱང་རྐྱང་མ་གཏོགས་བཤད་མི་ཤེས་པ་དེ་ཁོ་ཚོའི་ལམ་སྲོལ་ཡིན་པ་འདྲ།
    ད་ནི་ང་ཚོས་ཀྱང་རྫིན་མ་རྫིན་སར་སྐྱལ་ཞིང་བདེན་པ་བདེན་སར་བཞག་དགོས་པའི་དུས་ཚོད་ལ་སླེབ་ཡོད་པས་གནས་ཚུལ་རྫིན་མ་དེ་དག་དུས་ཐོག་དུ་ལན་འདེབས་གསལ་བོ་ཞིག་བྱེད་དགོས་གི་འདུག་གོ།།

  2. སྐར་ཁྲི་བཙན།

    རྒྱ་དོགས་པས་རང་རང་རྩ་མེད་བཟོ བོད་རེ་བས་རང་གི་རང་བརླག ཡ་ད་འཇིག་རྟེན་མི་རྟག་པ་ནམ་ཞིག་ས་ཡི་གོ་ལ་ཡང་ཡལ་དགོས་པ་བཞིན། ཚར་ལ་བསྒུག་རྒྱུ་ལས་ཅི་བྱེད།

  3. ༸ གོང་ས་མཆོག་གིས་དུས་ནས་དུས་སུ་ཕྱི་གསལ་ནང་གསལ་ཐོག་ནས་རྒྱ་ནག་ཁ་བྲལ་དུ་གཏོང་གི་མེད་ཚུལ་གསུང་བཞིན་ཡོད་པ་དེ་དངོས་འབྲེལ་རེད། ལར་ནས་ལྕམ་བྷེ་རེ་ལ་དང་ལྷན་དུ་ལྐོག་ནས་མཉམ་ལས་སོགས་གནང་བཞིན་ཡོད་ཚུལ་བཤད་པ་ནི་དངོས་ཡོད་རྒྱུ་མཚན་དང་ལྡན་པ་ཞིག་གཏན་ནས་མ་རེད།

    ༸ གོང་ས་མཆོག་གིས་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་གནོད་པའི་ཕྱག་ལས་སོགས་གཏན་ནས་གནང་མྱོང་མེད་ལ་དུས་ནམ་ཡང་གཏང་མི་སྲིད་པ་ཞིག་ཡིན། ད་དུང་རྒྱ་ནག་སྟོབས་ཆེན་གྱི་རྒྱལ་ཁབ་འདི་ཡང་ཐོར་གཞིག་ཏུ་མི་འགྲོ་བར་ཐུགས་རེ་ཧ་ཅང་ཆེན་པོ་གནང་བ་ཆེན་པོ་གནང་བཞིན་ཡོད།

    དཔེར་ན་རྒྱ་ནག་ཏུ་རྒྱལ་སྤྱིའི་རྩེད་འགྲན་སྐབས་སུ་བོད་མི་མང་པོས་ངོརྒོལ་བྱས་ཡོད་ཀྱང་༸ གོང་ས་མཆོག་གི་དེ་ལ་བརྒྱབ་སྐྱོར་ཆེན་པོ་གནང་ཡོད་པས་དངོས་ཡོད་ཀྱི་གནས་དོན་ལ་དཔྱད་ཞིབ་གནང་ན་རྒྱ་ནག་གིས་ཤེས་རྟོགས་ཐུབ་ངེས་རེད།