སྤྲེལ་ལད་འཁྲབ་གི།

ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་བོད་ཀྱི་གནད་དོན་ཐོག་ནས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་གིན་འདུག་ཅེས་བཀའ་ཁྲིས་གསུངས་ཡོད་པ་རེད།

རེས་གཟའ་མིག་དམར་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་གིས་རྒྱ་གར་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་བའི་ནང། ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་བོད་ཀྱི་གནད་དོན་ཐད་ནས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་ཀྱིན་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་སྤྲེལ་ལད་ཀྱི་སྲིད་བྱུས་རེ་བཟུང་ཡོད་པ་རེད། དེང་སྐབས་དཔལ་འབྱོར་ལས་གཞན་པའི་དོན་གནད་གང་ལ་ཡང་དབྱིངས་ཡོད་པ་མ་རེད། ཅེས་དང་། སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་འགྲུལ་བཞུད་ཚར་བའི་རྗེས་ལ་མ་གཏོགས་༧གོང་ས་མཆོག་ལ་མཇལ་རྒྱུ་མིན་པ་དེར་ཁོང་གིས་བསམ་ཤེས་ཐུབ་པ་འདུག སྲིད་འཛིན་མཆོག་གིས་རྒྱ་ནག་གི་མགོ་ཁྲིད་ཚོར་ཁོང་ཁྲོ་བསླངས་ན་འོས་འཚམ་མ་རེད། ད་སྐབས་རྒྱ་ནག་གི་ཁོང་ཁྲོ་ཆེ་ཤོས་ནི་༸གོང་ས་མཆོག་དང་། ཁོང་གི་ཆིབས་བསྒྱུར་གནང་ཡུལ་ས་གནས་དེ་དག་རེད།  ཟླ་བ་རྗེས་མའི་རྟ་ཝང་གི་ཆིབས་བསྒྱུར་དེར་མཚོན་ན། ཆོས་ཕྱོགས་ཀྱི་མཛད་འཕྲིན་དོན་ཁོ་ན་ལས་གཞན་གང་ཡང་མེད། སྤྱིར་རྒྱ་གར་ནི་རང་དབང་ཅན་གྱི་ལུང་པ་ཞིག་ཡིན་དུས། དེའི་ནང་གནས་སྡོད་བྱས་པའི་མི་མང་ཚོར་སོ་སོ་གང་དུ་འགྲོ་འདོད་ན་འགྲོ་ཆོག་པའི་རང་དབང་ཡོད་དགོས་པ་རེད་ཅེས་གསུངས་གནང་ཡོད་པ་རེད།

རྒྱ་གར་གྱི་སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཚུལ་ལྟར་ན། རྒྱ་གར་གཞུང་གིས་༸གོང་ས་མཆོག་རྟ་ཝང་དུ་ཆིབས་བསྒྱུར་གནང་རྒྱུའི་བཀའ་འཁྲོལ་གནང་བ་དེ་ནི་ཨ་རུ་ན་ཅལ་མངའ་སྡེ་དེ་རྒྱ་གར་གྱི་ས་ཁོངས་ཡིན་པ་རྒྱ་ནག་ལ་སླར་ཡང་གསལ་བཤད་བྱ་ཐབས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་དང།  ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་ལ་འཚམས་གཟིགས་མ་གནང་གོང་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཚེ། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཁྲོའི་རྣམ་པ་སྟོན་རྒྱུ་དང། ལྷག་པར་ཨ་རྒྱ་གཉིས་པོའི་ཚོང་དོན་འབྲེལ་ལམ་ལ་དོ་ཕོག་དང་གནོད་སྐྱོན་འགྲོ་རྒྱུ་བསྙོན་མེད་ཡིན་པའི་རྐྱེན་གྱིས་ཡིན་ཚུལ་བརྗོད་ཀྱིན་ཡོད་པ་རེད།  གང་ལྟར་ཡང། རེས་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འགའ་འདི་གར་ཆེད་ཕེབས་ཀྱིས། ༸གོང་ས་མཆོག་དང་མཇལ་མོལ་གནང་སྟེ་ཨ་རིས་བོད་ཐོག་ཏུ་འཛིན་པའི་སྲིད་བྱུས་སྐོར་ཞུས་ཡོད་ཅིང། རྒྱ་ནག་གིས་ནམ་རྒྱུན་ལྟར་ཨོ་བྷ་མའི་སྐུ་ཚབ་རྣམས་བཞུགས་སྒར་ནས་༧གོང་ས་མཆོག་ལ་མཇལ་བའི་ཐད་སྐྱོན་བརྗོད་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “སྤྲེལ་ལད་འཁྲབ་གི།

  1. རྩོམ་སྒྲིག་པ་ལགས་ ཁྱེད་ཚོས་་་་་་་་་རེས་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འགའ་འདི་གར་ཆེད་ཕེབས་ཀྱིས། ༸གོང་ས་མཆོག་དང་མཇལ་མོལ་གནང་སྟེ་ཨ་རིས་བོད་ཐོག་ཏུ་འཛིན་པའི་སྲིད་བྱུས་སྐོར་ཞུས་ཡོད་།ཟེར་
    དེ་ཚོ་ཨ་གྲོས་ཚོགས་ཀྱི་མི་སྣ་རེད་དམ། ངོ་མ་ད་དུང་བོད་པའི་གསར་འགོད་པ་རྣམས་བྱིས་པ་རང་རེད།

  2. སྒོམ་སྡེ་དོན་གྲུབ་རྒྱལ་མཚན།

    བོད་ནི་དེང་སྐབས་ཨ་རི་གཙོ་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོད་ཤུགས་སྤྲད་བྱེད་ཀྱི་ལག་ཆ་གཅིག་པུ་དེ་རེད། ཁོང་ཚོས་ཕྱོགས་གཅིག་ནས་བོད་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐུག་དུས་ངོ་མ་བོད་པ་ཚང་ནི་ཁོང་ཚོས་རྩེད་ཆས་རེད།

  3. བོད། ཤ་ཁྲག་རུས་གསུམ།

    ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་བོད་ཀྱི་གནད་དོན་ཐད་ནས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་ཀྱིན་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་སྤྲེལ་ལད་ཀྱི་སྲིད་བྱུས་རེ་བཟུང་ཡོད་པ་རེད། དེང་སྐབས་དཔལ་འབྱོར་ལས་གཞན་པའི་དོན་གནད་གང་ལ་ཡང་དབྱིངས་ཡོད་པ་མ་རེད།
    ཟམ་གདོང་ཁོང་གིས་འདི་འདྲ་ཞིག་གསུངས་པ་དེ་ནི་དོན་ཐོག་ལ་འཁེལ་བའི་གཏམ་ཡིན་ལ། ད་ལྟ་ནད་ཚ་འདི་བོད་བྱེས་པ་ཚང་གི་བོད་མི་གཙོ་བའི་ང་དང་འདྲ་བའི་བོད་མི་མི་ཉུང་བ་ཞིག་ལ་ནད་ཚ་འདི་བྱུང་ཡོད་པ་རེད། ཡིན་ཡང་། མི་ཁ་ཤས་ཀྱི་ནད་ཚ་ལྕི་ནས་ལྕི་རུ་སོང་དེ། མི་རིགས་ཕར་ཞོག ཕ་མ་སྤུན་མཆེད་ཀྱང་མི་དགོས་པའི་དུས་ཤིག་ཤར་བཞིན་ཡོད་པ་རེད། དངོས་ནས་སེམས་པ་སྐྱོ་ཡི་འདུག