འབར་རྫས་ཀྱི་དོན་རྐྱེན།

ཟླ་འདིའི་ཚེས་ ༢༠ ཉིན་ཨོ་སི་ཊེ་ལི་ཡའི་རླུང་འཕྲིན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལ་མ་བྷ་ཌི་ Islamadad ནང་གི་རྒྱལ་སྤྱིའི་ཁ་ཆེའི་གཙུག་ལག་སློབ་གྲྭ་ Islamic International Univertity ཞེས་པའི་ནང་ཐེངས་གཉིས་འབར་རྫས་ཀྱི་དོན་རྐྱེན་བྱུང་ཡོད་པ་དང་། དོན་རྐྱེན་དེའི་ཁྲོད་ཉུང་མཐར་མི་གཉིས་ཤི་སྐྱོན་དང་། མི་བཅུ་ལ་རྨས་སྐྱོན་ཕོག་ཡོད་འདུག དོན་རྐྱེན་དེའི་ཁྲོད་ཤི་རྨས་བྱུང་བ་མང་ཆེ་ཤས་སློབ་གྲྭ་དེ་གའི་བུད་མེད་སློབ་ཕྲུག་ཡིན་འདུག ཉེན་རྟོག་པ་དང་སྐོར་སྲུང་བས་བཤད་པ་ལྟར་ན། དོན་རྐྱེན་དེ་ནི་འཇིགས་སྐུལ་རིང་ལུགས་པས་རང་སྲོག་བློས་བཏང་གིས་འབར་རྫས་བཞག་པ་ཞིག་རེད། ཅེས་བརྗོད་འདུག  

གནད་དོན་དེའི་ཐད་སློབ་ཆེན་དེའི་གཙོ་འཛིན་སའེཌེ་ཁུའེ་ Siddiqui  ལགས་ཀྱིས་ཐེངས་འདིའི་གས་གཏོར་གྱི་དོན་རྐྱེན་དེ་ནི་ཧ་ཅང་ཡ་ང་བའི་དོན་རྐྱེན་ཞིག་རེདསློབ་ཆེན་འདི་དབུ་བརྙེས་ཏེ་ལོ་ངོ་ཉི་ཤུའི་རྗེས་ཐོག་དང་པོར་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བ་ཞིག་རེདཅེས་བརྗོད་འདུག ཟླ་བ་སྔ་ཕྱིའི་ནང་པ་ཀི་སི་ཐན་ནང་ཧ་ཅང་རྙོག་འཛིང་ཆེ་བ་དང་། འདས་པའི་བདུན་ཕྲག་གཉིས་ཀྱི་ནང་འཇིགས་སྐུལ་བའི་འབར་རྫས་གས་གཏོར་གྱི་དོན་རྐྱེན་བསྟུད་མུར་བྱུང་སྟེ་ཉུང་མཐར་མི་ ༡༧༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “འབར་རྫས་ཀྱི་དོན་རྐྱེན།

  1. སྐར་ཁྲི་བཙན།

    ཕར་བསད་ཚུར་བསད་བྱས་བྱས་ནས།།
    ཕར་གསོད་ཚུར་གསོད་བྱ་དགོས་རེད།།
    ཕར་གསད་ཚུར་གསད་བྱེད་བྱེད་ནས།
    མཐའ་མ་གསད་ནས་ཚར་དགོས་རེད།།

  2. ལྷོ་ཕྲུག་སྣ་བོ་ཆེ།

    ཁྲོ་སྡང་གི་རྣམ་འགྱུར་རྩུབ་མོར་སྡང་སྡིག་མི་བྱེད། འཇིག་རྟེན་གྱི་རང་བཞིན་ཁོ་རང་འདི་འདྲ་ཞིག་ཡིན། འདི་མེད་ན་འཇིག་རྟེན་གྱི་མཚན་ཉིད་བརླག་འགྲོ།

    ཨ་ཨཱ། ནམ་ཡང་འུར་ཟིང་འཁོལ་བའི་འཇིག་རྟེན།

  3. འབྲོག་རུ་ཆོས་དར།

    སྤྱིར་བཏང་གི་ཆ་ནས་གླེང་ན་རྐྱེན་ལམ་དུ་ཤོར་བ་རྣམས་སྙིང་རྗེ། ཡིན་ཡང་དྲག་པོ་མེད་ན་ཞི་བ་མེད་ལ་རྩུབ་མོ་མེད་ན་འཇམ་པོ་ཡོང་དཀའ།

  4. མིའི་རིགས་ཀྱི་སེམས་ཁམས་ལ་འགྱུར་བ་ཞིག་གཏོང་མི་ཐུབ་ན། དུས་ནམ་ཡང་ཡ་ང་བའི་དོན་རྐྱེན་འདི་རིགས་ཇེ་ཉུང་དུ་གཏོང་མི་ཐུབ་པ་མ་ཡིན་ནམ།།