ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོཊ།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༢༥ བར་རྒྱ་གར་དང་རྒྱ་ནག ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་སི་ཁྲི་ལི་ཡའེ་ཛར་ལན་ཌི་སོགས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་མཉམ་འབྲེལ་ཚོགས་འདུ་དེ་སྐོང་ཚོགས་གནང་ཡོད་འདུག་ལ། ཚོགས་ཐོག་ཏུ་རྒྱལ་ཁབ་ཁག་གིས་སྔར་ལས་ལྷག་པར་ཕན་ཚུན་བར་མངའ་ཁུལ་མཉམ་འབྲེལ་དང་འཛུགས་བསྐྲུན་ནུས་ཤུགས་ཡར་རྒྱས་ཤུགས་སྣོན་བརྒྱག་རྒྱུ། འཕྲད་བཞིན་པའི་དཀའ་ངལ་རིགས་ལ་བསམ་ཚུལ་བརྗེ་རེས། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་གྲོས་བསྡུར་བཅས་བྱས་ཡོད་འདུག

རེས་གཟའ་སྤེན་པའི་ཉིན་རྒྱ་དཀར་ནག་གི་སྲིད་བློན་རྣམ་གཉིས་ཟུར་དུ་ཐུག་འཕྲད་བྱས་ཏེ། ས་མཚམས་ཀྱི་དཀའ་རྙོག་ཐད་གྲོས་བསྡུར་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཧ་ཅང་གུ་ཡངས་ཀྱི་རྣམ་པའི་ཐོག་ནས་གནད་དོན་ཐག་གཅོད་ཡོང་ཐབས་ལ་འབད་བརྩོན་གནང་ཡོད་འདུག ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་སྟེང་། ཕྱི་ལོ་ ༢༠༡༥ ནང་ཚུན་དུ་ཐུན་མོང་ཐོག་འཛུགས་སྐྲུན་བྱ་ཞག་མཐོར་འདེགས་བཏང་སྟེ། དཔལ་འབྱོར་འཆར་གཞི་ནས་ཆབ་སྲིད་འཆར་གཞི་རུ་སླེབས་ཐུབ་པར་འབད་བརྩོན་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “ལྷོ་ཤར་ཨེ་ཤ་ཡའི་ལྷན་ཚོཊ།