པེ་ཅིན་དུ་བསྡད་པའི་ཉམས་མྱོང་།

རྒྱ་གཞུང་གིས་ང་རང་གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་པའི་དོགས་གཞིའི་འོག་པེ་ཅིན་ནས་ཕྱིར་འབུད་བྱས་པ་རེད་ཟེར།

ཕྱི་ཚེས་ ༦ གི་དགོང་མོ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་སྨྱུག་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ ༢༠༠༦ ལོར་པེ་ཅིན་དུ་སློབ་སྦྱོང་བྱེད་པར་ཕྱིན་ཏེ་མཐར་རྒྱ་ནག་གཞུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆབ་སྲིད་ཀྱི་དོགས་གཞིའི་འོག་ཕྱིར་འབུད་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡུ་རོབ་ས་གནས་་འབྲེལ་མཐུད་པ་བདེ་ཆེན་སྤེན་པ་ལགས་གདན་ཞུ་གནང་སྟེ། ཁོ་མོ་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་རྒྱ་ནག་གི་སྐད་ཡིག་སློབ་སྦྱོང་བྱས་པའི་སྐབས་པེ་ཅིན་གྱི་དངོས་ཡོད་གནས་སྟངས་དང་། དེར་ཡོད་བོད་པའི་གནད་ཡོད་མི་སྣ་ཚོར་ཐུག་འཕྲད་བྱུང་ཚུལ། རང་དང་མི་རིགས་གཅིག་པའི་སློབ་ཆེན་སློབ་མས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་སྐོར་གྱི་དོ་སྣང་དང་མི་རིགས་ཀྱི་ལ་ཞེན་གང་འདྲ་ཡིན་མིན། དེ་བཞིན།  ལྷ་ས་དང་ཨ་མདོ་ཁུལ་གྱི་ས་ཁུལ་ཁག་ཅིག་ཏུ་ཕྱིན་ཏེ་བོད་མིའི་གནས་སྟངས་རྒྱུས་ལོན་བྱས་པ་སོགས་ཁོ་མོའི་མཐོང་ཐོས་མྱོང་གསུམ་པར་རིས་ཀྱི་ལམ་ནས་ངོ་སྤྲོད་གནང་སོང་བ་མ་ཟད། དྲི་བ་དྲིས་ལན་ཡང་གནང་སོང།  

བདེ་ཆེན་སྤེན་པ་ལགས་ཀྱིས་ཁོ་མོ་བོད་ནང་འགྲོ་དགོས་པའི་དམིགས་ཡུལ་དང་མཐོང་ཐོས་ཐད་བརྗོད་དོན། ལོ་གསུམ་ཙམ་གྱི་རིང་ངས་འཇར་མན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་བོད་དོན་གྱི་ལས་ཀ་བྱས་པ་ཡིན། དེ་ལྟ་ནའང་། རྒྱ་ནག་གི་གནས་སྟངས་ངོ་མ་གང་འདྲ་ཡིན་མིན་དང་བོད་ནང་གི་བོད་མི་ཚོའི་གནས་སྟངས་གང་འདྲ་ཡིན་མིན་ཤེས་རྟོགས་མེད་སྟབས། རྒྱ་སྐད་སྦྱོང་བའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱེད་པར་སོང་བ་ཡིན། དེར་མདོ་དབུས་ཁམས་གསུམ་ནས་ཡོང་བའི་སློབ་ཆེན་པ་ཚོར་ཐུག་བྱུང་བ་མ་ཟད། འབའ་པ་ཕུན་ཚོགས་དབང་རྒྱལ་དང་ཚེ་རིང་འོད་ཟེར་བཅས་བོད་རིགས་མི་སྣ་མང་པོར་ཐུག་བྱུང་། མི་ལོ་གཉིས་རིང་གི་པེ་ཅིན་གྱི་འཚོ་བའི་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བ་ནི། པེ་ཅིན་དུ་ཡོད་པའི་བོད་རིགས་ལས་བྱེད་དང་སློབ་ཆེན་པ། དགེ་འདུན་པ་བཅས་མང་ཆེ་བས་ཛ་དྲག་དང་ཉེན་ཁའི་ཁོར་ཡུག་ཅིག་ནང་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་། སེམས་གཏིང་དུ་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་དུང་ཞེན་དང་མི་རིགས་ཀྱི་ལ་རྒྱ་སོགས་ཧ་ཅང་ཤུགས་ཆེན་པོ་འདུག་ལ། དེ་བཞིན་བོད་མི་མང་ཆེ་བས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་རེ་ལྟོས་དང་མ་འོངས་བོད་ཀྱི་བདེན་མཐའ་སེལ་བའི་ཐད་རེ་བ་ཆེན་པོ་བྱེད་ཀྱིན་འདུག་ལ། བོད་ཀྱི་སློབ་ཆེན་སློབ་མ་མང་ཆེ་བས་བོད་རང་གི་སྐད་ཡིག་ལ་དོ་སྣང་བྱེད་ཀྱིན་པ་མ་ཟད། མ་འོངས་པར་རང་ཉིད་ཀྱི་ས་ཁུལ་ལ་ཕྱིན་ཏེ་བོད་མི་རིགས་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་སོགས་ཀྱི་ཐད་ནུས་པ་གང་ཡོད་འདོན་རྒྱུའི་ཆོད་སེམས་དང་དམིགས་ཡུལ་ཤུགས་ཆེན་པོ་འདུག་ཅེས་ཁོ་མོས་པེ་ཅིན་དུ་བསྡད་པའི་རིང་གི་མཐོང་ཐོས་མྱོང་གསུམ་འགྲེལ་བརྗོད་གནང་བྱུང།
 
བདེ་ཆེན་སྤེན་པ་ལགས་ནི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སྐྱེས་པ་ཡིན་ཞིང། དབྱིན་ཡུལ་ནས་སློབ་མཐར་ཕྱིན་རྗེས་འཇར་མན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་ཡོད་པ་དང་། ༢༠༠༦ ལོའི་ཕྱི་ཟླ་ ༩ བར་རྒྱ་ཡིག་སྦྱོང་ཆེད་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་ཏེ་ལོ་གཉིས་རིང་སློབ་སྦྱོང་བྱས་ཡོད། མཐའ་མ་དེར་རྒྱ་ནག་གཞུང་གིས་ཁོ་མོ་གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་ཡིན་ཚུལ་སོགས་དོགས་པ་བྱས་ཏེ། རྒྱ་ནག་གི་བརྙན་འཕྲིན་བརྒྱུད་ལམ་དང་ཚགས་པར་སོགས་ཀྱི་སྟེང་བཀོད་མཐར། ཁོ་མོ་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་པ་རེད། ཁོ་མོས་འཇིགས་བྲལ་གློག་བརྙན་གྱི་སྒྲ་ཐག་རྒྱ་ནག་ནས་ཕྱིར་འཁྱེར་ཡོང་བའི་རོགས་རམ་དང་ཁྱབ་བསྒྲགས་ཀྱི་ཕྱག་ལས་གནང་བ་སོགས་བོད་དོན་འཐབ་རྩོད་ཐད་ནུས་པ་གང་ཡོད་བཏོན་དང་འདོན་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “པེ་ཅིན་དུ་བསྡད་པའི་ཉམས་མྱོང་།

  1. བོད་ཀྱི་སྐྱག་རྫུན

    ངས་བསམ་འཆར་འདོན་ཤེས་ཀྱི་མེད། འོན་ཀྱང་ཁྱེད་ཀྱི་གཏམ་རྒྱུད་དེ་གོ་རྗེས།
    ངས་བོད་ཀྱི་བུད་མེད་ཞིག་ཀྱང་དུས་རབས་ཀྱི་རྗེས་སུ་ཟིན་འདུག་མཉམ་པའི་ཚོར་སྣང་ཞིག་བྱུང་།
    ངས་ཁྱེད་ལ་ཞུ་འདོད་པ་ཞིག་ནི། བོད་ཀྱི་བུད་མེད་ཚང་མ་ཁྱེད་ལྟ་བུ་ཞིག་བྱུང་ན།
    ཨ་ཁ
    ཕམ་པོ་རེད་
    ད་དུང་ཡང་་་་་་་་