བོད་གཞུང་ཟློ་གར་ཁང་གི་གསལ་བསྒྲགས།

བོད་གཞུང་ཟློས་གར་ཁང་གི་གསལ་བསྒྲགས།

༄༅། །མཁྱེན་ལྡན་ཡངས་པ་ཟློས་གར་ཟུར་པ་ལྷན་རྒྱས་མཆོག་ལ།

             ཆེད་ཞུ། བོད་གཞུང་ཟློས་གར་ཚོགས་པ་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢ ནས་ཚེས་ ༥ བར་ཉིན་བཞི་རིང་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་རིམ་གཤམ་འཁོད་ལྟར་གཏན་འཁེལ་ཟིན། སྐུ་ཉིད་དུས་དྲན་སྲུང་བརྩིའི་སྐབས་ཕེབས་འཆར་ཡོད་མེད། གལ་ཏེ་ཡོད་ཚེ་ལྷ་གཞུང་ནང་འདོན་ཆ་ཅི་འཁྲབ་དང༌། ཉིན་ ༢ དང་ ༥ པའི་མཛད་རིམ་ནང་མཉམ་ཞུགས་གནང་འཆར་གྱི་དགོངས་ཚུལ་ཅི་ཡོད་འདི་ལས་སུ་འབྲེལ་མཐུད་ཅི་ནས་གནང་སྐྱོང་ཡོང་བ་མཁྱཻན། མཁྱེན། 

  བོད་གཞུང་ཟློས་གར་ལས་ཁུངས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ལ་ཕུལ།།

    ཉིན།      

མཛད་རིམ།

དང་པོ།

ཕྱོགས་མཐའི་ལྷ་ཚོགས་ནས་ཚོགས་མི་རེ་དང༌། ཟློས་གར་ཟུར་པ། དེ་བཞིན་ཟློས་གར་ཚོགས་པ་བཅས་ཐུན་མོང་ནས་ལྷ་གཞུང་གཟུགས་ཀྱི་ཉི་མ་ཉིན་འཁྱོངས་གཟིགས་འབུལ་ཞུ་འཆར།

གཉིས་པ།

Premiere Screening of Documentary Film on Legendary Classical Musician “Acho Namgyal”, Produced by Sonam Tashi སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་ཁག་གཅིག་གཟིགས་འབུལ་ཞུ་འཆར།

གསུམ་པ།

རྒྱལ་རབས་ཁྲི་སྲོང་ཁྲི་རལ་སྐབས་ཀྱི་གཞས་སྣ་དང༌། བཟོ་ཞིང་འབྲོག་གསུམ་གཟིགས་འབུལ་ཞུ་འཆར།

བཞི་པ།

སྲོལ་རྒྱུན་གྱི་གཞས་སྣ། རང་མོས་གསུང་གཞས་དང༌། ཨ་ཀ་མ་དེང་དུས་རོལ་དབྱངས་ནས་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུ་འཆར།

 

མཛད་རིམ་ཞིབ་ཕྲ་དྲྭ་རྒྱའི་ནང་ www.tibetanarts.org གཟིགས་གནང་ཡོང་བའི་དགོངས་འཇགས་ཞུ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “བོད་གཞུང་ཟློ་གར་ཁང་གི་གསལ་བསྒྲགས།

  1. སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།