མི་གཉིས་ལ་སྲོག་ཆད་བཏང་བ།

རྒྱ་ནག་གིས་ལོ་སྔོན་མའི་འོ་རྩམ་གྱི་ནད་ཡམས་དང་འབྲེལ་བའི་མི་གཉིས་ལ་དེ་རིང་སྲོག་ཁྲིམས་བཅད་ཡོད་འདུག

ལོ་སྔོན་མའི་འོ་རྩམ་གྱི་ནད་ཡམས་སྐབས་ཉུང་མཐར་བྱིས་པ་དྲུག་རྐྱེན་ལམ་དུ་ཕྱིན་པ་དང་། བྱིས་པ་ ༣༠༠༠༠༠ ལ་ན་ཚ་བྱུང་ཡོད་པ་རེད།

ཀྲང་ཡུ་ཇིན་ཟེར་བ་ཞིག་ལ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་འགེལ་དང་། ཀུན་ཇིན་ཕིན་ཟེར་བ་ཞིག་ལ་ནད་དུག་ཅན་གྱི་ཐོན་སྐྱེད་བཟོས་ཤིང་བཀྲམས་པའི་ཉེས་པ་བཀལ་ཡོད་འདུག

གྱོད་དོན་འདིའི་ཐད་ཁྱོན་མི་ ༢༡ ལ་ཉེས་ཆད་བཅད་འདུག་ལ། འགའ་རེ་ཚེ་བཙོན་དང་ཁག་ཅིག་ལ་ལོ་ ༥ ནས་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

15 thoughts on “མི་གཉིས་ལ་སྲོག་ཆད་བཏང་བ།

  1. འབྲོག་ཁྱི།

    ཀོན་མཆོག་ལགས་་་་་་་ཁྱེད་རང་གིས་བོད་པས་འབུ་གསོད་པ་ལས་རྒྱ་ནག་གི་མི་གསོད་པ་ལས་སླ་ཡི་འདུག་ལབ་ན་གོ་ཡ་ཞིག་འདུག་མ་ཏོག་བོད་པའི་འབུ་གསོད་པ་ལས་རྒྱ་ནག་གི་མི་གསོད་པ་ལས་སླ་ཡི་འདུག་ལབ་ན་གོ་ཡ་མི་འདུག་གོ

  2. ཁྲུང་ཁྲུང་དཀར་མོ།

    དྲ་གྲོགས་་རེ་གཉིས་གསོད་དགོས་པ་དང་མི་དགོས་པ་ཅེས་རིགས་གཉིས་ཕྱེ་བར་ངས་ཡག་པོ་ཞིག་མཐོང་མ་སོང་རྒྱུ་མཚན་ནི་བདེ་སྐྱིད་མི་དགོས་པའི་མི་སུ་གང་ཡང་ཡོད་པ་མ་རེད་། དྲང་མོ་བཤད་ན་ང་འཚོ་འགྲོ་བ་ཡོངས་བདེ་སྐྱིད་འདོད་པ་ཆ་རེད་། གཅིག་ནས་རྒྱ་ནག་སྲིད་གཞུང་གིས་གང་བྱས་ལ་སྐྱོན་མཐོང་ནའང་དྲང་པོ་མ་རེད་བསམ་གྱི་འདུག་

  3. གཅན་བཟོད་རྒྱམ།

    ཨོ་ལགས་སོ། ད་ཡིན་ན་ཁྱེད་སུ་ཡིན་ཤེས་སོང་། ཅོ་རི་ཉི་མ་རེད་གཱ མཆན་གྲངས་གོང་དུ་སྤེལ་བར་ཐུགས་རྗེ་ཆེ་ཞུ། ཁྱོད་ཀྱིས་སྐད་ཆ་འདི་ཚང་མ་མཆན་བུ་གཅིག་ལ་བཏབ་ན་མི་བཟང་ངམ། མཆན་བུ་རེ་ལ་ཚིག་གྲུབ་རེ། མགོ་ལོག་ཟླ་བྷེ་ཡི་ཁ་ཤགས་ནང་ན་འདི་འདྲ་ཞིག་ཡོད། དབྱུག་པ་རེ་ར་པགས་པ་རེ། པགས་པ་རེ་ར་དབྱུག་པ་རེ་ཟེར་ནང་བཞིན་ཅགས་འདུག་ག ཧཧཧཧཧ