ཕྱི་ཚེས་ ༢༤ ཉིན་བལ་ཡུལ་ལྷོ་ཕྱོགས་ཀྱི་བྷ་རི་ཡ་ཕུར་ས་ཁུལ་གྱི་ཧིན་རྡུའི་ཆོས་པ་སྟོང་ཕྲག་འགའ་འཛོམས་ཏེ་སེམས་ཅན་ ༢༠༠༠༠༠ དམར་མཆོད་བྱས་འདུག
སྲོག་ཆགས་སྲུང་སྐྱོབ་ཚོགས་པ་དང་ཆོས་ལུགས་ཀྱི་ཚོགས་ཁག་གཞན་པ་དག་གིས་ངོ་རྒོལ་ཅི་ཙམ་བྱས་པར་མ་ལྟོས་པར་ཧིན་རྡུའི་ཆོས་པ་དེ་དག་གིས་སྲོག་ཆགས་ ༢༠༠༠༠༠ ཀྱི་མགོ་བཅད་དེ་དམར་མཆོད་བྱས་ཡོད་ལ། བལ་ཡུལ་གྱི་བློན་ཆེན་ཞིག་གིས་འདི་ནི་འཛམ་གླིང་སྟེང་བྱུང་མ་མྱོང་བའི་དམར་མཆོད་ཆེ་ཤོས་དེ་ཡིན་པར་བཤད།
དམར་མཆོད་དེའི་སྐབས་སུ་མ་ཧེ་དང་ར་མ། ཁྱིམ་བྱ། ཕུག་རོན་སོགས་ཡོད་ཅིང་། དམར་མཆོད་འདི་ནི་ཧིན་རྡུ་བ་རྣམས་ཀྱིས་ཉིན་གཉིས་རིང་ཧིན་རྡུའི་ཆོས་ལུགས་ཀྱི་ལྷ་མོ་ Gadhimai ཞུ་བ་རེད་བསྙེན་བཀུར་བྱེད་པའི་དུས་ཆེན་གྱི་སྐབས་སུ་བྱུང་ཡོད་འདུག