གནམ་ཐང་ ༢༧ བཟོ་རྒྱུ།

རྒྱ་གར་ལ་ཚུར་རྒོལ་བྱེད་ཆེད་རྒྱ་ནག་གིས་བོད་ནང་དུ་གནམ་ཐང་ ༢༧ ལྷག་བསྐྱར་བཟོ་དང་གསར་བཟོ་བྱ་རྒྱུ་རེད་ཟེར།

རྒྱ་གར་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་བརྗོད་དོན། རྒྱ་ནག་གི་གནམ་ཐང་འདི་དག་གི་ཕལ་ཆེ་བ་ནི་གསར་པ་ཡིན་པ་དང་། དེ་བཞིན་རྒྱ་ནག་གིས་མདོ་སྨད་ཀྱི་གཏེར་ལེན་ཁའི་ཉེ་འགྲམ་དུ་ DF-4 རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་གྱི་ས་ཚིགས་བཟོས་ཡོད་ལ། འཕུར་མདེལ་འདི་དག་ནི་ཀི་ལོ་མི་ཊར་ ༣༠༠༠ ལྷག་གི་སར་སྙོབ་ཀྱིན་ཡོད་འདུག

ཡིན་ཡང་། ལོ་འདིའི་ཕྱི་ཟླ་ ༡༠ པའི་ནང་དུ་རྒྱ་ནག་གིས་རྒྱ་གར་ལ། ལ་དྭགས་ཤར་ཕྱོགས་དང་ཨ་རུ་ན་ཅལ་མངའ་ཁུལ་དུ་གནམ་གྲུའི་འབབ་ཚིགས་བཟོ་བཞིན་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

11 thoughts on “གནམ་ཐང་ ༢༧ བཟོ་རྒྱུ།

  1. ཅོ་རི་ཉི་མ།

    ཨ་རིག་གླེན་རྒན་ལགས་ཉིད་ཀྱི་བསམ་དོན་འགྲུབ་པས་སྨོན་ལམ་ཡོད།
    ཡིན་ཡང་སེམས་འཁྲུལ་ཡོད་པ་ཞིག་ནི་བོད་ལ་ཡོད་ཕ་མ་སྤུན་ཆེད་རྣམས་རེད

  2. ཨ་རིག་གླེན་རྒན།

    ད་ཕལ་ཆེར་ང་ཚོའི་བསམ་དོན་འགྲུབ་ལ་ཉེ་བ་འདྲ་བྱས་ན་ང་ཚོས་གོ་སྐབས་དམ་འཛིན་གྱི་རྒྱ་དཀར་ནག་བར་ལ་དཀྲུགས་ཅི་ཐུབ་བྱེད་དགོས་རེད་ད་ཡིན་ན་སྤྱི་མཐུས་སྐོར་གཅིག་གིས་ནུས་པ་འདོན་རན་རེད་སྨོན་ལམ་མཐར་ཕྱིན་དང་གཡང་དྲུང་རྒྱལ་མཚན། བེ་འཇིག་མེད་དབང་རྒྱལ། ཨོརྒྱུནསྟོབས་རྒྱས་སོགས་གཙོའི་འདོན་པ་མ་ཚར་གོང་ནས་ཚོགས་གྲོལ་འགྲོ་མཁན་རྣམས་དང་ཀར་མ་ཆོས་འཕེལ་དང་འཇུ་དཀོན་མཆོག་སོགས་སྦྱིན་བདག་སྟོབས་འབྱོར་ཅན་རྣམས་ལ་འབོད་བསྐུལ་རེ་ཞུས་ན་་་་་་་་་་་

  3. ཅོ་རི་ཉི་མ།

    བོད་ཁ་བ་ཅན་གྱི་རི་བོ་མཐོ་སྒང་འདི་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་སྒྲོ་ལོ་དུང་ཕྱུར་མང་པོ་འགྲོ་སོང་བཏང་ནས་བཟོས་པའི་མེ་ཤུགས་འཕེལ་མདའ་ཁ་གཏད་ས་དེ་རེད་ལ་མ་ཟད་མ་འོང་ན་མེ་ཤུགས་འཕེལ་མདའ་དེ་ཚོ་གངས་ཅན་གྱི་ཞིང་དུ་འཕེལ་ངེས་རེད།
    རྒྱ་གར་ནག་གཉིས་དམག་འཐབ་མ་བྱེད་པའི་སྔོན་ནས་བལ་ཡུལ་ཡོད་པའི་བོད་མི་རྣམས་སྲོག་འགོ་ཐོན་ས་ཞིག་འགྲོ་དགོས་པ་གནས་ཚུལ་ཛ་དྲག་ཞིག་ཏུ་སྣང།
    བལ་ཡུལ་ནང་དུ་རྒྱ་གོ་ཁྲན་དྲིན་ཅན་ཕ་མ་ཡིས་དངུལ་སྒོར་མོ་ཆར་པ་འབབ་བཞིན་ཡོད་པ་འདི་ནི་ང་རང་ཚོའི་བོད་ལ་དངུལ་ད་ཡ་ཆར་བ་འབབ་མྱོང་ཡོད་པ་དེ་དྲན་པའི་ཐོག་ནས་རྗེས་སུ་ཇི་འདྲ་ཡོང་རྒྱུ་ཡིན་མིན་ཤེས་པ་བྱ་གལ་ཆེ།་

  4. ང་ཚོས་ཤེས་དགོས་པ་ཞིག་ལ་རྒྱ་ནག་གིས་ད་བར་དུ་འཆར་གཞི་བཀོད་པ་རྣམས་ལས་་མ་འགྲུབ་དང་མ་བསྒྲུབས་པ་གཅིག་ཀྱང་ཡོད་པ་མ་རེད། ང་ཚོའི་སྐུ་ངོ་ཚོས་ཁ་ནས་འདྲ་ཆགས་པོ་བཤད་པ་དང་རྒྱ་གར་གྱི་ནེ་ད་དག་གིས་གཏམ་བཤད་བྱས་པའི་འདོམ་བདེ་པོ་དེ་འདྲ་ཞིག་གཏན་ནས་མ་རེད་ད།ང་ཚོས་ཕྱོགས་གཉིས་ལ་བལྟ་དགོས།