ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།

ཁ་བརྡ་དྲ་ཚིགས་ནས་བཤུས།

ཀུན་ཕན་ཐེབས་རྩེ་ཚོགས་པས་དགའ་བོས་ངང་ ༢༠༡༠ ནས་ ༢༠༡༡ལོའི་བར་གྱི་ཞིབ་འཇུག་གི་རོགས་ རམ་བྱ་དགའ་གསལ་བསྒྲ་གས་བྱེད་རྒྱུ་ཡིན། བྱ་དགའ་འདིའི་དམིགས་ཡུལ་ནི་ཆེད་ལས་བ་དང་།མཁས་པ་དང་སྒྱུ་རྩལ་པ་རྣམས་ལ་རྒྱབ་ སྐྱོར་བྱེད་ནས་སྤྱི་ཚོགས་ཚན་རིན་དང་། སྒྱུ་རྩལ་རིག་གནས་དང་ཚན་རིན་བཅས་རིག་གནས་ཁག་ནས་མུ་མཐུད་ད་ུཤེས་བྱ་ཐོབ་པའི་ ཆེད་དུ་ཡིན། ལས་གཞི་འདིས་ཀྲོང་གོའི་བོད་ཁུལ་དུ་སྤེལ་བཞིན་པའི་དེང་རབས་ཅན་དུ་འགྱུར་བའི་ རྒྱུད་རིམ་ནང་གི་རྙོག་འཛིངས་སོགས་རྒྱུས་ཡོད་བྱེད་པར་ཕན་པའི་ཞིབ་འཇུག་གི་ བྱེད་སྒོ་ལ་རྒྱབ་སྐྱོར་བྱེད་ནས་མཐའ་མིའི་གྲུབ་འབྲས་སུ་རྒྱུན་གནས་ཐུབ་པ་དང་ ས་གནས་ཀྱི་རིག་གནས་དང་འབྲེལ་ཡོད་ཀྱི་འཕེལ་རྒྱས་ཀྱི་མ་དཔེ་རྣམས་ངོས་འཛིན་ བྱེད་པར་ཡིན།

ང་ཚོས་ལོ་རེར་རིང་ན་ ཟླ་བ་༡༢་ལ་རྒྱ་ནག་ནང་དང་རྒྱལ་སྤྱི་ཡང་ན་ གཉིས་འཛོམ་གྱི་ཞིབ་འཇུག་རོགས་རམ་གྱི་བྱ་དགའ་འབུལ་གྱི་ཡོད། ཞིབ་འཇུག་བྱ་དགའ་འདིས་ཞིབ་འཇུག་སྐབས་ཀྱི་འགྲིམ་འགྲུལ་དང་། སྨན་བཅོས་གྱོང་སྐྱིན་དང་ཉེན་བྱོལ་གྱོང་སྐྱིན། ཞིབ་འཇུག་གིྱ་བྱེད་སྒོ་དང་འབྲེལ་ཡོད་ཀྱི་འགྲོ་སོང་། གཞན་ཡང་འཚོ་བའི་ཕོགས་སྣོན་སོགས་ཀྱི་འགྲོ་སོང་གཏོང་ཆེད་ཡིན།༼ཆེད་ལས་འཕེལ་ རྒྱས་ཀྱི་གོ་སྐབས་ལ་ཞུགས་རྒྱུ་དེ་ཀུན་ཕན་ཐེབས་རྩ་ཚོགས་པའི་ཆོག་འཆན་ཐོབ་ རྗེས་ད་གཟོད་རྒྱབ་སྐྱོར་བྱེད་རྒྱུ་རེད༽

ཞིབ་འཇུག་བྱ་དགའ་འདིའི་ནང་གཤམ་གསལ་གྱི་འགྲོ་སོང་མི་འཚུད།

* མ་རྩ་ཅན་གྱི་ཡོ་ཆས་༼རྩིས་འཁོར་དང་པར་ཆས་སོགས༽།
* ལས་རོགས༼ཞིབ་འཇུག་གི་བྱ་དགའ་ཞུ་མཁན་གྱིས་སྔོན་ཆད་སོ་སོས་ལས་རོགས་ དོ་དམ་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དངོས་སུ་སྟོན་དགོས༽
* དཔེ་སྐྲུན་གྱི་འགྲོ་སོང་།༼ཀུན་ཕན་ཐེབས་རྩ་ཚོགས་པས་འདིའི་སྐོར་གྱི་རོགས་སྐྱོབ་ལོགས་སུ་བཙུགས་ཡོད༽

ཞིབ་འཇུག་གི་བརྗོད་གཞི་ངེས་པར་དུ་ཞིབ་འཇུག་གི་བྱ་དགའ་དང་འབྲེལ་བ་ཡོད་དགོས། མིག་སྔར་འབྲེལ་ཡོད་ཀྱི་བརྗོད་གཞི་ནི༔

* འཕེལ་རྒྱས་ཀྱི་མ་དཔེ། ༼གཞུང་ལུགས་དང་ལག་ལེན།༽
* སློབ་གསོའི་ལམ་ལུགས།
* གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་གནད་དོན།
* དེང་རབས་དང་སྲོལ་རྒྱུན་གྱི་རིག་གནས།
* སྤྱི་ཚོགས་དཔལ་འབྱོར་སྐོར་གྱི་ཞིབ་འཇུག
* ཁོར་ཡུག་སྲུང་སྐྱོབ།
* ཡུལ་སྐོར་སྤྲོ་འཆམ།
* འཕྲོད་བསྟེན་དང་ས་གནས་ཀྱི་གསོ་བའི་རིག་གནས།

ཕྱུགས་ལས་དང་ཞིང་ལས་སྲིད་ཇུས།

གཞན་ཡང་། ང་ཚོས་ད་ལོར་གཤམ་གསལ་གྱི་བརྗོད་གཞི་སྐོར་ལ་ཞིབ་འཇུག་བྱེད་མཁན་ ཀྱི་མི་ལ་དམིགས་བསལ་གྱི་བསམ་བློ་གཏང་རྒྱུ་ཡིན༔

* ཞིང་འབྲོག་ཡར་རྒྱས་དང་སྲོལ་རྒྱུན་གྱི་འཚོ་ལམ།
* ས་གནས་ཀྱི་ལོ་རྒྱུས།
* གྲོངས་ཉུང་མི་རིགས་ཀྱི་སློབ་གསོ།
* བོད་སྐད་ལ་ཕྲྲེད་བཞིན་པའི་དཀའ་གནད།

ཞིབ་འཇུག་གི་མཇུག་ཏུ་ ཞིབ་འཇུག་པ་ཚོས་ཕྱོགས་སྡོམ་སྙན་ཞུ་རེ་བྲིས་ ནས་ཀུན་ཕན་ཐེབས་རྩ་ཚོགས་པར་སྤྲོད་དགོས། ཕྱོགས་སྡོམ་སྙན་ཞུ་དེའི་ནང་རོགས་སྐྱོར་མ་དངུལ་བཏང་ནས་ཞིབ་འཇུག་བྱས་པའི་ནང་ དོན་གཞིར་བཟུང་བའི་རིག་གཞུང་དཔྱད་རྩོམ་ཞིག་ཀྱང་འདུས་དགོས་ལ་དེ་ཀུན་ཕན་ཐེབས་ རྩ་ཚོགས་པའི་དྲ་དངོས་སུ་ཡོངས་བསྒྲགས་བྱ་དགོས། ཐེབས་རྩ་ཚོགས་པས་བྱ་འགུལ་འདི་བརྒྱུད་དེ་ཞིབ་འཇུག་པ་ཚོར་ཞིབ་འཇུག་གི་གྲུབ་ འབྲས་ཅི་ཞིག་ཐོབ་ཡོད་ངོ་སྤྲོད་བྱ་རྒྱུའི་རེ་བ་འདོན་ཀྱང་སྲིད།ཞིབ་འཇུག་པ་ ཚོས་དངོས་བརྒྱུད་གང་རུང་ནས་རང་ཉིད་ཀྱི་ཞིབ་འཇུག་མ་དངུལ་འདི་ཀུན་ཕན་ཐེབས་རྩ་ ཚོགས་པའི་ཞིབ་འཇུག་བྱ་དགའི་རོགས་དངུལ་ལས་ཐོབ་པ་ཡིན་པ་ངོས་ལེན་དང་གསལ་བཤད་ བྱེད་པར་ང་ཚོས་རེ་ལྟོས་བྱས་ཡོད།

ཞིབ་འཇུག་གི་རོགས་རམ་བྱ་དགའ་དང་འབྲེལ་བའི་ཆ་རྐྱེན་དང་ཞུ་ཡིག་གི་གོ་རིམ་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་སོགས་ཞུ་ཡིག་གི་ཤོག་ངོས་ལ་གཟིགས་རོགས།

ཞུ་ཡིག་འབུལ་མཁན་ལ་གཤམ་གྱི་ཆ་རྐྱེན་དག་ཚང་དགོས།

* མ་མཐའ་ཡང་དངོས་གཞི་སློབ་མའི་ཡོན་ཚད་ཡོད་དགོས།
* རང་གིས་བདམས་པའི་བརྗོད་གཞིའི་ཁྱབ་ཁོངས་ནང་མ་མཐའ་ཡང་ལོ་ངོ་གསུམ་ གྱི་ལས་ཀའི་ཉམས་མྱོང་ཡོད་པའམ་ཡང་ན་རང་གིས་བདམས་པའི་བརྗོད་གཞིའི་ཁྱབ་ཁོངས་ ནང་ཚན་རིག་ཞིབ་ འཇུག་གི་གྲུབ་འབྲས་ཡོད་པ།
* བོད་སྤྱི་ཚོགས་དང་རིག་གནས་ལ་ཤེས་བྱ་དང་ལས་ཀའི་ཞལ་འདེབས་འཇོག་པའི་ མོས་འདུན་ཆེན་པོ་ཡོད་པ།
* གསར་གཏོད་རང་བཞིན་ལྡན་ཞིང་སྤུས་ཀ་ལེགས་པའི་ཞིབ་འཇུག་ཞིག་བྱེད་ཆེད་ སྐད་ཡིག་ལ་བྱང་ཆུབ་པ་དང་ཞིབ་འཇུག་ལ་རྩལ་དང་ལྡན་པ་ཞིག་ཡིན་དགོས།

བསྐྱར་ཞིབ་དུས་འཁོར་དང་ཞུ་ཡིག་སྤྲོད་པའི་དུས་མཚམས།::

ཀུན་ ཕན་ཐེབས་རྩ་ཚོགས་པའི་ཞིབ་འཇུག་རོགས་རམ་བྱ་དགའི་ཞུ་ཡིག་དག་ལོ་རེར་ཐེངས་རེར་ བསྐྱར་ཞིབ་བྱེད་ཀྱིན་ཡོད། ཁྱེད་ཉིད་བྱ་དགའི་འགྲན་སྡུར་ནང་ལས་སླ་པོའི་ ངང་ཞུགས་ཐུབ་ཆེད་ཞུ་ཡིག་གི་རྒྱུ་ཆ་ཚང་མ་ངེས་པར་དུ་གཤམ་གསལ་གྱི་དུས་བཅད་ནང་ དུ་སྤྱོད་དགོས།

༢༠༡༠ནས་༢༠༡༡ལོའི་ཞིབ་ འཇུག་བྱ་དགའི་སྙན་ཞུ་ཡིག་ཆ་ཆ་ཚང་བ་ཞིག་སྤྲོད་དགོས་པའི་ དུས་བཅད་ནི་༢༠༡༠ལོའི་ཟླ་༡ཚེས་༡༥བར་དུ་ཕྱིར་འཐེན་བྱས་པ་རེད།

༢༠༡༠ལོའི་ ཟླ་༡ཚེས་༡༥་སྔོན་དུ་ཞུ་ཡིག་འབུལ་མཁན་ཚང་མས་ངེས་པར་དུ་དགོས་ངེས་ཀྱི་རྒྱུ་ཆ་ ཆ་ཚང་བ་ཞིག་ཡར་སྤྲད་ཚར་བ་བྱེད་དགོས། གལ་སྲིད་༢༠༡༠ལོའི་ཟླ་༡ཚེས་༡༥ལ་ ཁྱེད་ཀྱིས་ད་དུང་ཞུ་ཡིག་གི་ཡི་གེ་ཆ་ཚང་ཞིག་མཁོ་ སྤྲོད་བྱེད་ཐུབ་མེད་ན་ཁྱེད་ཀྱི་ཞུ་ཡིག་དེ་ ལོ་རྗེས་མའི་བསྐྱར་ཞིབ་ དུས་འཁོར་ནང་ལ་འཇོག་རྒྱུ་ཡིན། ༢༠༡༠ལོའི་ཟླ་༤ཚེས་༣༠ཉིན་ཞུ་ཡིག་འབུལ་མཁན་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་ ཐག་གཅོད་ཀྱི་བརྡ་ཐོ་ཞིག་ཡིག་ཐོག་ནས་འབྱོར་པར་བྱེད། ཞུ་ཡིག་འབུལ་མཁན་ལ་ རོགས་སྐྱོར་ཆོག་མཆན་སྤྲད་རྗེས་ཐེབས་རྩ་ཚོགས་པས་ཞིབ་འཇུག་རོགས་རམ་བྱ་དགའི་ གན་རྒྱ་གྲ་སྒྲིག་བྱས་ནས་བྱ་དགའི་དུས་ཡུན་གཏན་འཁེལ་བྱེད། རོགས་སྐྱོར་ཐོབ་ མཁན་དང་ཀུན་ཕན་ཐེབས་རྩ་ཚོགས་པའི་སྐུ་ཚབ་གཉིས་ཀྱིས་མ་དངུལ་མ་སྤྲད་སྔོན་ལ་ ངེས་པར་དུ་གན་རྒྱ་འདིར་མིང་རྟགས་འགོད་དགོས། ༢༠༡༠ནས་༢༠༡༡ལོའི་ཞིབ་ འཇུག་དུས་སྐབས་ལ་ཆོག་མཆན་ཐོབ་པའི་མི་ཚོས་སྔ་ན་༢༠༡༠ལོའི་ཟླ་བ་༧པའི་ནང་ཞིབ་ འཇུག་གི་ལས་མགོ་འཛུགས་ཆོག ༢༠༡༡ནས་༢༠༡༢ལོའི་ཞིབ་འཇུག་དུས་སྐབས་ཀྱི་ཆ་ཚང་བའི་ཞུ་ཡིག་གི་རྒྱུ་ཆ་དག་ངེས་ བར་དུ་༢༠༡༠ལོའི་ཟླ་བ་༡༡པའི་ཚེས་༡ཉིན་ཡར་སྤྲོད་བྱེད་དགོས། ༢༠༡༡ལོའི་ཟླ་༤ཚེས་ ནང་ཞུ་ཡིག་འབུལ་མཁན་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་ཐག་གཅོད་ཅི་ཞིག་ཡིན་པ་ཡིག་ ཐོག་ནས་བརྡ་སྤྲོད་བྱེད།

ཞུ་ཡིག་རྒྱུ་ཆའི་བཤེར་ཐོ།

ཞུ་ཡིག་ཆ་ཚང་ཡོང་བར་གཤམ་གྱི་རྒྱུ་ཆ་དག་འདུས་དགོས།

* ཞུ་ཡིག་གི་རེའུ་མིག
* དམིགས་ཡུལ་གསལ་བཤད་ཡེ་ག
* ཞུ་ཡིག་གཏོང་མཁན་གྱི་ལོ་རྒྱུས།
* ཞིབ་འཇུག་ལས་གཞིའི་ཞུ་ཡིག
* ཞིབ་འཇུག་ལས་གཞིའི་འགྲོ་སོང་གི་རེའུ་མིག
* འཚམས་སྦྱོར་ཡི་གེ་གསུམ།
* སློབ་གྲྭའི་སྦྱངས་འབྲས་ཀྱི་འདྲ་བཤུས།
* རྩོམ་ཡིག་མ་དཔེ་གཉིས་སམ་པར་སྐྲུན་ཟིན་པའི་དཔེ་དེབ།༼དབྱིན་ ཡིག་དང་བོད་ཡིག་གམ་རྒྱ་ཡིག༽
* སློབ་གྲྭའི་ལག་འཁྱེར་གྱི་འདྲ་བཤུས།
* ལས་ཁུངས་ནས་སྤྲད་པའི་ལས་ཐོག་སློབ་སྦྱོང་གི་ཆོག་མཆན་ཡི་གེ་༼འོས་པ་ཡིན་ན།༽
* ལས་ཁུངས་ནས་སྤྲད་པའི་ལས་ཐོག་སློབ་སྦྱོང་བྱེད་སྐབས་སུ་ཡོང་འབབ་ཀྱི་གསལ་ བཤད་ཡི་གེ་༼འོས་པ་ཡིན་ན།༽

ཞིབ་འཇུག་རོགས་རམ་ཞུ་ཡིག་རེའུ་མིག

འདིར་མནན་ཏེ་ཐ་སྙད་སྒྲིག་སྦྱོར་རྣམ་པའམ་ Word ཁྱེར་བདེའི་ཡིག་ཆའི་ PDF རྣམ་པས་ཕབ་ལེན་བྱོས།

འཚམས་སྦྱོར་ཡི་གེའི་རེའུ་མིག

འདིར་མནན་ཏེ་ཐ་སྙད་སྒྲིག་སྦྱོར་རྣམ་པའམ་ Word ཁྱེར་བདེའི་ཡིག་ཆའི་ PDF རྣམ་པས་ཕབ་ལེན་བྱོས།

ཞིབ་འཇུག་ལས་གཞིའི་འགྲོ་སོང་རེའུ་མིག

འདིར་མནན་ཏེ་གྲངས་རིག་རེའུ་མིག་རྣམ་པའམ་ Excel ཁྱེར་བདེའི་ཡིག་ཆའི་ PDF རྣམ་པས་ཕབ་ལེན་བྱོས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply to མཚོ་ཚང་བཀྲིས། Cancel Reply

6 thoughts on “ཞིབ་འཇུག་གི་རོགས་རམ་གསལ་བསྒྲགས།

  1. སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།