དགོན་པ་ནས་ཕྱིར་འབུད་བཏང་འདུག

རྒྱ་གཞུང་གིས་གྲྭ་ཆོས་སྐྱོང་དང་བཀྲ་ཚེ་གཉིས་དགོན་པ་ནས་ཕྱིར་འབུད་བཏང་ཡོད་འདུག

ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་ཆབ་སྲིད་བཙོན་པ་གྲྭ་ཆོས་སྐྱོང་དང་བཀྲ་ཚེ་གཉིས་རྒྱ་གཞུང་གིས་གློད་གྲོལ་བཏང་ནས་ཕྱིར་རྔ་བ་སྒོ་མང་དགོན་དུ་སླེབས་ཡོད་ཀྱང་། སྐབས་དེར་ཁོང་གཉིས་ཀྱི་ཕ་ཡུལ་མི་མང་དང་དགོན་པའི་གྲྭ་མང་གིས་བཙོན་གྲོལ་ཐོབ་པར་དགའ་བསུའི་སྣེ་ལེན་གཟབ་རྒྱས་གནང་སྟེ། རྔ་བ་སྒོ་མང་དགོན་དུ་གདན་འདྲེན་ཞུས་ཡོད་ནའང་། རྒྱ་གཞུང་གིས་ཁོང་གཉིས་དགོན་པ་ནས་བཞུགས་མི་ཆོག་པའི་བཀའ་རྒྱ་བཏང་སྟེ། དགོན་པ་ནས་ཕྱིར་འབུད་བཏང་ཡོད་འདུག

རྒྱ་གཞུང་གིས་གྲྭ་ཆོས་སྐྱོང་དང་བཀྲ་ཚེ་གཉིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་གཏེ་བོ་ཡིན་པ་དང་། རྒྱལ་ཁབ་ཁ་བྲལ་བར་ངོས་འཛིན་བྱས་ཏེ་བཙོན་དུ་བཅུག་ཏེ་ལོ་གཅིག་ལྷག་འགོར་རྗེས་ཁོང་གཉིས་བཙོན་གྲོལ་བཏང་ཡང་། ད་ཆ་དགོན་པ་ནས་ཕྱིར་འབུད་བཏང་ཡོད། ཡིན་ནའང་དགོན་པའི་འགན་འཛིན་དང་བླ་མ་རྣམས་ཀྱིས་ས་གནས་ཉེན་རྟོག་པར་ཞུ་བ་འཐེན་ཏེ་ད་ལྟ་ཁོང་གཉིས་དགོན་པ་ནས་རང་རང་གི་གྲྭ་ཤག་ཏུ་བཞུགས་ཆོག་པར་བཟོས་ཡོད་ཀྱང་། ཁོང་གཉིས་ཚོགས་དང་ཆོས་ར་གང་ལ་ཡང་ཕེབས་ཆོག་གི་མེད་འདུག 

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་བཀྲ་ཚེ་ལགས་བཙོན་ཁང་ནང་གློག་སྐུད་བཟོ་བ་ཞིག་ལ་ལས་གནས་བགོས་ཡོད་པ་དང་། གློག་སྐུད་བཟོ་ས་རུ་གློད་སྐུད་འདྲ་མིན་བཟོས་པར་བརྟེན། ད་ལྟ་ཁོང་གི་ལག་པའི་མཛུབ་མོ་དག་ཁ་གས་ནས་སེར་ཀའི་ནང་ཁྲག་དང་རྣག་ཐོན་གྱིན་འདུག་ཟེར། ད་དུང་ཁོང་གི་རྐང་བ་ཡ་གཅིག་ལ་ཡང་སྐྱོན་ཤོར་ནས་ཁོང་ཕེབས་དུས་རྐང་བ་འཐེང་གིན་འདུག་ཟེར། བཙོན་ཁང་ནང་ཟ་མ་ཡག་པོ་མེད་སྟབས་ཁོང་གི་ཕོ་བ་ཡང་བདེ་བོ་མེད་པ་ཆགས་ཡོད་འདུག  ད་ལྟ་ཁོང་གཉིས་ཀྱི་གཟུགས་པོ་སྐྱོ་བོ་ཆགས་ཡོད་ཀྱང་། ཁོང་གཉིས་ཀྱི་འགྲོ་འདུག་ལ་རང་དབང་མེད་པར་མ་ཟད། མི་མང་འདུས་ས་དང་གྲྭ་མང་ལ་ཁ་བརྡ་བྱེད་པ། ཐ་ན་ཁ་པར་ཡང་བཟུང་མི་ཆོག་པའི་གནས་སུ་བསྐྱལ་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “དགོན་པ་ནས་ཕྱིར་འབུད་བཏང་འདུག

  1. རྒྱལ་ཐང་ཡོན་ཏན

    ད་ནི་ང་ཚོའི་དཔའ་བོ་རྣམས་ལ་རྒྱ་མི་དེ་ཚོས་རྣམ་པ་འདྲ་མིན་ཐོག་སྡུག་པོར་གཏོང་ཡོང་གིན་འདུག

  2. དགེ་བོ་བཀྲ་ཁོ

    འདི་རྒྱ་ནག་གིས་བོད་ཐོག་ལ་ཁྲིམས་ལག་བསྟར་བྱེད་བཞིན་པའི་འཇོན་ཐང་ཞིག་ཡིན་ཚོད་རེད། སྙིང་རྗེ་ངའི་ཨ་ཁུ་གཉིས།
    སྤོབས་པ་ཞུམ་མི་ཉན་ཁྱོད་ཚོའི་མཐའ་མཇུག་གི་རྒྱལ་ཁ་དེ་ད་དུང་ལོན་མེད།
    ང་ཚོ་དུས་ནམ་ཡང་ཁྱོད་ཚོའི་རྒྱབ་ཏུ་ལངས་ནས་ཡོད།