༧གོང་ས་མཆོག་གི་འབོད་སྐུལ།

ལོའུ་ཞོ་པའོ་གཙོས་པའི་སྨྲ་བརྗོད་རང་དབང་གིས་བཙོན་འོག་ཏུ་ཚུད་པ་རྣམས་གང་མགྱོགས་གློད་གྲོལ་གཏོང་རོགས་གནང་ཅེས་༧གོང་ས་མཆོག་གིས་འབོད་སྐུལ་གནང་ཡོད།

ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལོའུ་ཞོ་པའོ་ལགས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་འཁྲིགས་ཟིང་སློང་མཁན་གྱི་ཉེས་མིང་བཀལ་ཏེ། པེ་ཅིན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མི་ལོ་ ༡༡ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་དང་ལོ་ ༢ གཉིས་ཀྱི་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱས་ཡོད་སྟབས། ཕྱི་ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་ལོའུ་ཞོ་པའོ་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པའི་ཐད་ངོས་རང་བློ་ཕམ་པོ་བྱུང་ཅེས་དང་།  རྒྱ་གཞུང་གིས་ལོའུ་ཞོ་པའོ་ལྟ་བུའི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ཏེ་རང་ཉིད་ཀྱི་བསམ་ཚུལ་ཡོངས་གྲགས་བརྗོད་མཁན་དག་ལ་ཁྲིམས་ཆད་བཏང་བ་ནི། རྒྱལ་སྤྱིའི་འགྲོ་བ་མི་སྤྱིའི་གཞི་རྩའི་དགོངས་དོན་དང་ཡོངས་སུ་འགལ་ཡོད་པར་མ་ཟད། རྒྱ་ནག་གཞུང་གི་རྩ་ཁྲིམས་སུ་གསལ་བའི་སྨྲ་བརྗོད་རང་གི་དགོངས་དོན་ལ་ཡང་འགལ་ཡོད་པ་ཞིག་རེད།  གནས་སྟངས་དེ་དག་ལ་བརྟེན་ངོས་ནས་རྒྱ་ནག་གཞུང་ལ་སྐུ་ཞབས་ལོའུ་ཞོ་པའོ་གཙོས་པའི་སྨྲ་བརྗོད་རང་དབང་གི་ཆེད་དུ་བཙོན་འོག་ཏུ་ཚུད་པའི་སྲིད་དོན་གྱི་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་བའི་འབོད་སྐུལ་དང་རེ་བ་བྱེད་བཞིན་ཡོད་ལ། དེ་བཞིན་སྐུ་ཞབས་ཁོང་གི་བཟའ་ཟླ་དང་ནང་མི་བཅས་ལ་འཚམས་འདྲི་དང་སྨོན་ལམ་ཡོད་ཅེས་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

3 thoughts on “༧གོང་ས་མཆོག་གི་འབོད་སྐུལ།

  1. གནོད་པ་བྱས་པ་དག་ལ་ཕན་སེམས་བསྐྱེད།
    གཡོ་རྒྱུས་བསླུ་བ་དག་ལ་དྲང་པོར་སྨྲ།
    བཙན་པོ་དག་ལའང་ཤིན་འཇམ་བྱས་པ།
    སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་ཀྱི་རྒྱུད།

  2. གཅན་བཟོད་རྒྱམ།

    ཨ་རོགས་ཚོ། ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང༼རླུང་དམར་འུར་འུར་༽ནང་ན་གོ་མིན་ཏང་ལ་རྒྱ་དཀར་པོ་ཟེར་འདུག་པ་ཅི་ཡིན་སུས་ཤེས། ལན་ཞིག་གསུང་དང་།

  3. གཅན་བཟོད་རྒྱམ།

    རེད་རེད། ལོའུ་ཞོ་པའི་མྱུར་དུ་གློད་རོགས། མ་གློད་ན་ང་ཚོས་ངོ་རྒོལ་བྱེད་ཀི་ཡིན་དཱ། རྒྱ་མི་དུང་ཕྱུར་ལྔས་ལས་འགུལ་སྤེལ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་དཱ།