མི་ ༡༠༠ འཁྱགས་ཤིར་ཐེབས་པ།

 

རྒྱ་གར་བྱང་ཕྱོགས་སུ་གནམ་གཤིས་ཧ་ཅང་ཇེ་འཁྱགས་སུ་སོང་སྟབས་མི་ ༡༠༠ འཁྱགས་ཤིར་ཐེབས་ཡོད་འདུག

ཚེས་ ༡༢ ཉིན་བྷེ་བྷེ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་སུ་གནམ་གཤིས་ཇེ་འཁྱགས་སུ་སོང་སྟེ་གནམ་གཤིས་ཀྱི་ཚ་དྲོད་ཀླད་ཀོར་འོག་གི་རིམ་པ་ཁ་ཤས་སུ་སླེབས་སྟབས། རྒྱ་གར་བྱང་ཕྱོགས་སུ་སྡོད་གནས་མེད་པ་དང་ཁྱིམ་ཚང་སྐྱོ་བའི་མི་སེར་དཀྱུས་མ་ ༡༠༠ ལྷག་ཉེ་ཆར་འཁྱགས་ཤིར་ཐེབས་ཡོད་འདུག་ལ། གསར་འགོད་པས་བརྗོད་ན་རྒྱ་གར་བ་དེ་དག་ལ་གྲང་ངར་ཆེ་བའི་གནམ་གཤིས་འདི་ལ་གདོང་ལེན་བྱེད་པའི་ཉེར་མཁོའི་ཁྱིམ་ཆས་སོགས་མི་འདུག་ཅེས་བརྗོད་ཡོད་འདུག དགུན་འཁྱག་གི་གནམ་གཤིས་དེས་ཨེ་ཤ་ཡ་དང་ཡུ་རོབ། ཨ་རི་སོགས་ལའང་གནོད་པ་ཚབས་ཆེན་བཏང་ཡོད་ཚུལ་འདུག 


བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

7 thoughts on “མི་ ༡༠༠ འཁྱགས་ཤིར་ཐེབས་པ།

  1. ཨ་མྱེ་རྫ་རྒྱ་

    ད་ལོ་གི་ཆགས་འཇིག་འདི་ཅི་ཞིག་རེད།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    འབྱུང་བའི་གནོད་པ་ཟློགས་པར་གྱུར་ཅིག

  2. དབྱར་ཁར་ཚ་བའི་དཀའ་ངལ། དགུན་ཁར་གྲང་བའི་དཀའ་ངལ། རྒྱ་གར་འདི་ཅི་འདྲའི་ས་སྡུག་ཅིག་རེད་ཨང་།

  3. རེད་ཡ། གཅན་བཟོད་རྒྱམ་བདེན་གི། ངས་མདང་དགོང་རྒྱ་གར་བྱང་ཕྱོགས་ཀྱི་གནམ་གཤིས་དེ་དེང་དེ་ཙམ་གྲང་མོ་མེད་ཚུལ་བཤད་པ་ཡིན། འོན་ཀྱང་ད་ནང་ཞོགས་ཀ་ཡར་ལངས་དུས་གཅིག་པ་གཏོང་དུ་འགྲོ་རྒྱུར་ཡང་དཀའ་དཀའ་བྱེད་རྒྱུའི་ཚད་དུ་ལྷུང་བའི་གྲང་ངད་ཅིག་གིས་ཡོངས་སུ་བསྡམ་ཡོང་གི་འདུག ཕལ་ཆེར་དོ་དགོང་ཁ་བ་འབབ་ས་རེད། རྡ་སའི་རི་མགོ་ལ་ཁ་བ་འབབ་ཤུགས་ཆེ་རུ་སོང་ན་རྡ་སྟེང་ལ་བརླང་འཁོར་ཐར་རྒྱུ་མ་རེད། དེ་དུས་༼སྒེ་སུ་༽རླངས་རྫས་མ་རེག་པའི་དཀའ་ངལ་ཡོང་གི་རེད་ཡ།