བྱམས་པ་ཕུན་ཚོཊ་དང་ལེཊ་མཆོག

རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པ་ཟེར་བ་དེ་ཚོགས་ཡོད་པ་དང་། ཚོགས་ཐོག་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ་ལེགས་མཆོག་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་བྱམས་པ་ཕུན་ཚོགས་གཉིས་ཀྱིས་རྩ་དགོངས་ཞུ་ཡིག་སྒྲོག་འདོན་བྱས་ཡོད་འདུག་ཅིང་། ཁོང་གཉིས་ཀྱི་ལས་འཁུར་དུས་ཡུན་ད་དུང་རྫོགས་མེད་ནའང་། ཚོགས་ཐོག་དེར་ལེགས་མཆོག་ལ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དྲུང་ཆེ་ལས་རྩ་དགོངས་བཀའ་འཁྲོལ་དང་། བྱམས་པ་ཕུན་ཚོགས་ལ་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལས་རྩ་དགོངས་བཀའ་འཁྲོལ་ཐོབ་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

12 thoughts on “བྱམས་པ་ཕུན་ཚོཊ་དང་ལེཊ་མཆོག

  1. ཚྭ་སྒང་ཕོ་ཉ།

    བོད་མི་ཡིན་ན་བོད་ལ་ལ་ཞེན་འཕྲན་ཙམ་མེད་མི་སྲིད་
    ཟེར་བ་དངོས་གནས་རེད་ཨང་གྲོགས་པོ་ཚོ།།

  2. བོད། ཤ་ཁྲག་རུས་གསུམ།

    བོད་ཁུལ་ནས་རྒྱ་མི་ཞིག་གི་གོ་གནས་འཛིན་པ་ལས་བོད་མི་ཞིག་གི་གོ་གནས་བཟུང་བ་ཡིན་ན། མེད་པ་ལས་ཡོད་པ་བཟང་གི་རེད། འོན་ཀྱང་། ད་ནི་རྒྱ་གཞུང་གི་གང་འདོད་པ་ལྟར་བྱེད་ཀྱི་ཡོད་པ་དེར་ཚད་བཀག་བྱེད་ཐུབ་མཁན་གྱི་མི་ནི་དངོས་ནས་དཀོན་པོ་རེད།

  3. སྤྱིར་བཏང་བཙན་འཛུལ་མཁན་གྱིས་བཙན་བཟུང་བྱས་པའི་ཡུལ་གྱི་མི་ལ་གནས་སྐབས་བེད་སྤྱོད་བྱེད་པ་ལས་བརྒྱ་ཆ་བརྒྱས་བློས་འགེལ་མི་བྱེད་པ་ཆོས་ཉིད་རེད། བཙན་བཟུང་བྱས་པའི་ཡུལ་གྱི་མི་ཅོལ་ཆུང་ངམ་མགོ་བདེ་འགའ་ཞིག་གིས་འཕྲལ་གྱི་ཁེ་ཕན་དང་མིང་གྲགས་ལ་མགོ་འཁོར་ནས་དགྲ་བོ་བཙན་གནོན་པའི་རྒྱུག་ཁྱི་སྟག་གཟིག་འདྲ་བོ་དེ་ཚོ་ཡང་རེ་ཞིག་ནས་རང་ལ་དགྲ་བོས་ངོས་འཛིན་བྱེད་སྟངས་དེ་ཤེས་པའི་རྗེས་གཞི་ནས་རང་གི་ནོར་འཁྲུལ་ངོས་བཟུང་ཐུབ་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དངོས་ཤུགས་བརྒྱུད་གསུམ་གྱིས་ཕན་ཐབས་གང་ཡོང་རང་ཤུགས་ཀྱིས་བྱེད་དགོས་ཆགས་པ་དང་དགྲ་བོར་དགྲ་བོ་ཡིན་པའི་ངོས་འཛིན་གཞི་ནས་སླེབས་ཐུབ་པས། གོང་གསལ་མི་སྣ་གཉིས་ནས་ཀྱང་རྒྱ་མི་གུང་ཕྲན་གྱི་འདོད་བློ་ཇི་བཞིན་མ་བསྒྲུབས་པར་མངོན། དཔེར་ན། རྒྱུག་ཁྱིས་ངར་སྐད་སྒྲོག་བཞིན་པར་གློ་བུར་སྐད་ངན་ཤོར་ན་གྲོད་རྡོ་ཕོག་པ་གསལ་པོ་རེད། ལོ་དུས་མ་ཟིན་གོང་ནས་དགོངས་པ་ཞུ་ཁུལ་བྱེད་པ་ཙམ་ལས་ནང་དོན་རྒྱ་དམར་གྱིས་ལས་གནས་ནས་ཕྱིར་འབུད་གཏང་བ་རེད། དེ་མིན་ལོ་དུས་མ་ཟིན་པར་དགོངས་པ་ཞུ་དགོས་དོན་མེད། ད་ལྟ་ཕན་ལའང་དེ་འདྲ་མང་པོ་བྱུང་ཡོད་པས་བོད་རིགས་རྒྱ་དམར་གྱི་ལས་བྱེད་ཚོས་དེ་ངེས་པར་མཁྱེན་པ་གནང་གལ་ཆེ།