གངས་ཆེན་འབབ་རྒྱུ་རེད།

 

རྒྱ་ནག་གི་གནམ་གཤིས་རྟོགས་དཔྱོད་ལས་ཁུངས་ཁག་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༡༣ ཉིན་ནས་བཟུང་། བོད་དབུས་གཙང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བའི་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་རྒྱུ་ཡིན་འདུག་ལ། སྟོད་མངའ་རིས་ནུབ་རྒྱུད་སྤུ་ཧྲེང་དང་འབྲོང་པ། མཚོ་ཆེན། དེ་བཞིན། གཞིས་རྩེའི་ནུབ་རྒྱུད་ཀྱི་གཉའ་ལམ་སོགས་སུ་བསྟུད་མུར་ཁ་བ་ཤུགས་ཆེན་འབབ་རྒྱུ་ཡིན་ཞིང་། ནག་ཆུ་དང་ཆབ་མདོ། ཉིང་ཁྲི་སོགས་སུའང་གནམ་གཤིས་འགྱུར་ལྡོག་འགྲོ་རྒྱུ་ཡིན་འདུག ཐེངས་འདིར་བོད་དབུས་ཕྱོགས་སུ་གནམ་གཤིས་འགྱུར་ལྡོག་འགྲོ་བའི་འབྱུང་རྩ་ནི། ནུབ་རྒྱུད་ཀྱི་རླུང་གནོན་དམའ་པོ་དང་ལྷོ་རྒྱུད་ཀྱི་དྲོད་ལྡན་བརླན་གཤེར་རྒྱུན་འཁོར་གཉིས་ཀྱི་ཐུན་མོང་གི་ཤུགས་རྐྱེན་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “གངས་ཆེན་འབབ་རྒྱུ་རེད།

  1. སྐུ་ཞབས་ལུང་རིགས་ལགས། འདི་ནས་འདྲི་རྒྱུ་ཞིག་ལ་དེང་འཛམ་གླིང་གང་སར་གྲང་ངད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། ཁ་བ་འབབ་ཤུགས་ཆེ་རུ་དང་འབབ་ཡུལ་དང་འབབ་ཐེངས་མང་དུ་འགྲོ་བཞིན་པ་མ་ཟད། འབབ་ཡུན་ཀྱང་རིང་དུ་འགྲོ་བཞིན་པ་འདིས་ཐད་གར་དང་ཡང་ན་བརྒྱུད་ནས་གོ་ལའི་ཚ་དྲོད་ཟེར་བའི་ཆེས་ཉེན་ཁའི་རང་བཞིན་ཅན་གྱི་གནད་དོན་འདི་ལ་འགྱུར་བ་དང་ཤུགས་རྐྱེན་འདྲ་ཐེབས་ཀྱི་ཡོད་ནཱ། ?

  2. བློ་གྲོས་རྒྱལ་པོ།

    ད་གངས་ཆེན་པོ་ཞིག་བརྒྱབ་ན་མ་གཏོགས་དབྱར་ཁ་ཆུ་དཀོན་པོ་ཆགས་ན་ཅི་ཞིག་བྱ། གཅན་བསོད་རྒྱམ་ཁྱོད་འཁྱགས་ནས་འདར་ཟིག་ཤོར་རུང་བྱས་ཡ་མེད་ཡ། མ་གཞི་གཅན་ཚ་ཟེར་ས་དེ་ཚོ་ས་དམའ་ནི་རི་ཁྱོད་ལ་ཁག་མེད་གྲང་ངར་བཟོད་དཀའ་རྒྱུ་རེད་ཡ།

  3. གཅན་བཟོད་རྒྱམ།

    འབབ་རྒྱ་རེད། འབབ་རྒྱུ་རེད། ཏན་ཏན་འབབ་རྒྱུ་རེད། ང་ཚོ་རྡ་སར་ཡང་གངས་ཆེན་འབབ་རྒྱུ་རེད་ཀོ འཁྱགས་དང་ནས་རང་ང་འདར་ཟིག་ཤོར་གིན་འདུག