བྱམས་པ་ཕུན་ཚོགས་ཀྱི་གོ་གནས་གསར་པ།

བྱམས་པ་ཕུན་ཚོགས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོར་བསྐོས་འདུག

དེ་རིང་སྔ་དྲོ་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༥ སྟེ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་མཇུག་བསྡུའི་ཉིན་མོར། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་བྱམས་པ་ཕུན་ཚོགས་ལ་སྔར་གྱི་ལས་གནས་ནས་དགོངས་འཁྲོལ་སྤྲད་པ་དང་མཉམ་དུ། སླར་ཡང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཀྱི་ཚོགས་གཙོར་བསྐོ་འཇོག་བྱས་ཡོད་པ་རེད།

དེ་བཞིན་ལེགས་མཆོག་ནི་རྒལ་ཡོལ་གྱི་ལོ་ཚོད་ལ་བསླེབས་ཡོད་སྟབས་ལས་གནས་ནས་དགོངས་པ་སྤྲད་ཡོད་འདུག་ལ། ལེགས་མཆོག་ད་སྐབས་ལོ་ ༦༦ ཡིན་ལ། རྒྱ་ནག་གི་རྩ་ཁྲིམས་ལྟར་ན་རྒལ་ཡོལ་གྱི་ལོ་ཚོད་ནི་ལོ་ ༦༥ ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

13 thoughts on “བྱམས་པ་ཕུན་ཚོགས་ཀྱི་གོ་གནས་གསར་པ།

  1. ཀརྨ་རྡོ་རྗེ།

    ནད་པ་ལགས། དགོངས་དག་ཚིག་ངན་ཤོར་སོང་། འོན་ཀྱང་།
    ༡༽ བྱམས་པ་ཕུན་ཚོགས་སམ། ༢༽ ནད་པ་ཁྱེད་རང་ངམ། ༣༽ ཁྱེད་རང་གི་ཕྲུ་གུ་སུས་བོད་མིའི་འགོ་འཁྲིད་བྱས་ཀྱང་བོད་མི་ས་ཡ་དྲུག་ལ་ཕན་ལ་ས་ཡ་དྲུག་གི་མི་ཅིག་རེ་བཞིན་ཡོད་རེད་ད། དེ་ནམ་ཡང་མ་བརྗེད་་ཅིག །