ཧི་གཟུཊ་ཟིན་བྲིས་ཀྱི་གསལ་བརྡ།

ཁ་སང་ཕྱི་ཚེས་ ༢༡ ཉིན་ཧི་གཟུགས་ཟིན་བྲིས་ཀྱི་དོ་དམ་པས་མཆོད་མེ་པོད་ཁུག་བརྒྱུད་དེ། ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་ཡོད་བའི་ནང་བཀོད་དོན། “གསལ་བརྡ། རྐྱེན་གང་རུང་གི་དབང་གིས་དྲ་ཚིགས་ཁ་མི་རྒྱག་ཐབས་མེད་བྱུང་། དེར་བརྟེན་གྲོགས་པོ་ཚོའི་རྩོམ་ཡིག་གལ་ཆེན་ཡོད་ན་མྱུར་དུ་ཕབ་ལེན་དང་ཉར་ཚགས་བྱོས། རྒྱུ་རྐྱེན་ང་ཚོའི་ཁེའུ་ཁེའུ་ཁྱུ་ཚོགས་སུ་གསལ། ༡༨༩༩༥༨༩༡ ནང་གསལ། ཞེས་དང་། སྔར་གྱི་ཧི་གཟུགས་དྲ་ཚིགས་སུ་འདི་ནས་འཇུག་དགོས་ ( http://222.186.191.24/blog/ )” ཞེས་དོ་བདག་སོ་སོའི་རྩོམ་ཡིག་ཉར་ཚགས་དང་ཟུར་འདོན་བྱ་སའི་གནས་སྐབས་རིང་གི་ཁ་བྱང་ཞིག་བཞག་འདུག

འདས་མ་ཐག་པའི་ལོ་མཇུག་ཏུ་རྒྱ་གཞུང་གིས་བོད་ཁུལ་ཡོངས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ཁག་ལ་དོ་དམ་ཤུགས་ཆེ་རུ་བཏང་བ་ནས་བཟུང་། བོད་ཁུལ་གྱི་དྲ་ཚིགས་དང་ཚགས་པར་སོགས་གསར་འགྱུར་བརྒྱུད་ལམ་ཁག་ལའང་དོ་ཕོག་ཆེན་པོ་བཏང་ཡོད་ལ། ཟླ་འདིའི་ཚེས་མགོ་ནས་ (བོད་ཀྱི་སྐད་ཡིག) དང་། (ཧི་གཟུགས་ཟིན་བྲིས) (མཆོད་མེ་པོད་ཁུག) (གངས་གཞོན་གླེང་སྟེགས) སོགས་ཀྱང་སྒོ་རྒྱག་དགོས་བྱུང་ཡོད། ཕྱི་ཚེས་ ༡༩ ཉིན་ (མཆོད་མེ་པོད་ཁུག) དང་། (གངས་གཞོན་གླེང་སྟེགས) གཉིས་བསྐྱར་དུ་སྒོ་འབྱེད་ཐུབ་ཙམ་བྱུང་ཡོད་མོད། བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེ་བའི་(ཧི་གཟུགས་ཟིན་བྲིས) ཀྱང་བསྐྱར་དུ་སྒོ་འབྱེད་ཐུབ་པར་མང་པོ་ཞིག་གིས་རེ་ལྟོས་བྱས་ཡོད་ཀྱང་། ཁ་སང་སྔ་དྲོར་ཧི་གཟུགས་དྲ་བའི་དོ་དམ་པས་མཆོད་མེ་པོད་ཁུག་བརྒྱུད་དེ། གོང་གི་གསལ་བསྒྲགས་ཏེ་ཡོངས་ཁྱབ་ཏུ་སྤེལ་དགོས་བྱུང་ཡོད་སྟབས། བོད་ཡིག་དྲ་དམངས་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད། དེ་ལ་བོད་ནང་གི་དྲ་ཚིགས་དག་ཏུ། ཐེངས་འདིར་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་རྩ་ཆེན་ཞིག་ཆད་ཅིང་། ངལ་གསོ་ཙམ་བྱེད་སའི་རང་དབང་གི་སྒོ་མོ་གལ་ཆེན་ཞིག་བརྒྱབས་སོང་། ཞེས་གླེང་སློང་བྱེད་ཀྱིན་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

14 thoughts on “ཧི་གཟུཊ་ཟིན་བྲིས་ཀྱི་གསལ་བརྡ།

  1. དུས་བབ་འདིར་ཧིན་གཟུགས་གསལ་བརྡ་འགོད་པ་པོ་ལགས
    སོ་སོས་རྩོམ་ཡིག་ཧིན་གཟུགས་ལས་ཇི་ལྟར་ཕྱིར་འཐེན་བྱེད་དགོས།
    ཐོ་འགོད་དང་ཟིན་ཐོ་ཟིན་བྲིས་སོགས་སྒོ་རྒྱབ་འདུག ཐབས་ལམ་གཞན་གང་ཡོད་འགྱོགས་པོ་ལམ་སྟོན་ཞིག་གནོང་རོགས་ཞུ།

  2. ཀརྨ་རྡོ་རྗེ།

    ཧི་གཟུགས་ཟིན་བྲིས་སྒོ་བརྒྱབས་ནས་བོད་རིགས་མང་པོར་སྙིང་ཟུག་དང་རྨ་ཁ་གསར་པ་མང་པོ་ཕྱེས་པ་རེད།