སྐུ་ཚབ་ཚོ་ཕྱིར་ལྡི་ལིར་འབྱོར་འདུག

༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་ཕྱི་ཚེས་ ༡ ཉིན་པེ་ཅིན་ནས་ལྡི་ལིར་འབྱོར་ཡོད་པ་དང་། ཕྱི་ཚེས་ ༡ གི་ཉིན་རྒྱབ་ལྡི་ལི་ནས་ངྷ་སར་ལམ་ལ་ཆས་ཡོད་འདུག

སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་པེ་གསར་ཁང་ལ་གསུངས་པ་ལྟར་ན། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དེ་རིང་ལྡི་ལིར་འབྱོར་ཡོད་པ་དང་། ཉིན་རྒྱབ་དེར་ལྡི་ལི་ནས་ངྷ་སར་ཕེབས་རྒྱུ་ཡིན་འདུག

ཟླ་ ༡༥ རྗེས་ཀྱི་འབྲེལ་མོལ་ཐེངས་དགུ་པ་འདིའི་སྐོར་ཁོང་རྣམ་པ་ཕྱིར་བཞུགས་སྒར་དུ་འབྱོར་མཚམས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་བཅར་གྱིས་གནས་ཚུལ་ཅི་བྱུང་སྙན་སེང་ཞུ་རྒྱུ་ཡིན་འདུག

ཨེ་པེ་གསར་ཁང་གིས་སྤེལ་བ་ལྟར་ན། ཐེངས་འདིར་འབྲེལ་མོལ་གྱི་གྲུབ་དོན་ཁག་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་ཡིན་མིན་གསལ་ཁ་མི་འདུག

དེ་བཞིན་ཨེ་པེ་གསར་འགྱུར་གྱི་མཇུག་དེར་ཚིག་གྲུབ་ཅིག་འདུག་ལ། དེའི་ནང་དུ། གཟའ་མིག་དམར་ཉིན་རྒྱ་ནག་གི་དཔོན་རིགས་ཚོས་ཐེངས་འདིའི་འབྲེལ་མོལ་གྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་ཚུལ་ཡང་བཀོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

53 thoughts on “སྐུ་ཚབ་ཚོ་ཕྱིར་ལྡི་ལིར་འབྱོར་འདུག

  1. རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག

  2. དགེ་བཤེས་སྨོན་ལམ་མཐར་ཕྱིན།

    དེ་རིང་ཕྱི་དྲོ་རྒྱ་གར་གྱི་ཆུ་ཚོད་ ༣།༠༠ པའི་ཐོག་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམས་ཀྱི་གསར་འགོད་གསལ་བསྒྲགས་དེ་རྡ་རམ་ས་ལར་བྷག་སུའི་བརྙན་འཕྲིན་བརྒྱུད་ཐད་ཀར་བཏོན་རྒྱུ་རེད་འདུག་པ་དང་། བཙན་བྱོལ་བོད་གཞུང་གི་དྲ་བརྙན་བརྒྱུད་ཐད་ཀར་བཏོན་རྒྱུའང་ཡིན་འདུག

  3. སྒོམ་སྡེ་དོན་གྲུབ་རྒྱལ་མཚན།

    སྐུ་ཚབ་རྣམ་པ་ལྡི་ལིར་འབྱོར་ཞིང་ཁུ་སིམ་མེར་རྡ་སར་ཆས། བཀའ་ཁྲི་མཆོག་མཇལ་བཅར་ཟིན་རྗེས་སླར་ཡང་ཁུ་སིམ་མེ། དལ་ཅ་གེར་སོང་འདུག