ལོ་གསར་སྐབས་ཞིན་ཅང་ལ་དྲག་རྡུང་མགོ་བཙུགས་པ།

ཕྱི་ཚེས་ ༥ ཉིན་ཝུ་རུའུ་མོ་ཆི་གྲོང་ཁྱེར་སྤྱི་ཁྱབ་མགོ་གཙོ་ཅིས་ཨར་ལ་ཡིས་ཧྲ་མུའུ་ཏེན་གྱིས་ས་གནས་དམངས་ཆེན་འཐུས་ཚོགས་སྟེང་བརྗོད་དོན། ཐོག་མཐའ་བར་གསུམ་དུ་མི་རིགས་ཁ་བྲལ་རིང་ལུགས་པ་དང་། ཆོས་ལུགས་ཐད་དྲག་རིང་ལུགས་པ། དྲག་སྤྱོད་རིང་ལུགས་པ་བཅས་དམིགས་རྩར་བཟུང་ནས་དྲག་རྡུང་རྒྱུན་སྐྱོང་བྱེད་དགོས་ཚུལ་དང་། མུ་མཐུད་ནས་སྤྱི་ཚོགས་ལ་ཕྱོགས་ཡོངས་ལྟ་རྟོག་ནན་མོ་བྱས་ཏེ་དམིགས་གཞི་གཙོ་བོ་དག་དང་མི་མང་འདུས་བསྡོད་ཀྱི་ས་གནས། སློབ་གསོའི་སྡེ་ཁག་བཅས་སུ་བཀག་སྡོམ་ཞིབ་བཤེར་བྱེད་དགོས་ཚུལ་བརྗོད་ཡོད་པ་རེད།

ཤིན་ཅང་གི་གནས་སྟངས་ལ་ལྟ་རྟོག་བྱེད་བཞིན་པའི་འཛམ་གླིང་ཡུ་གུར་འཐུས་མིའི་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞ་ཐིས་ལགས་ཀྱིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། རྒྱ་ལུགས་ལོ་གསར་ཐོན་ལ་ཉེ་སྐབས་འདིར་ཞིན་ཅང་གི་ས་ཁུལ་དག་ཏུ་དྲག་རྡུང་ལས་འགུལ་སྔར་ལས་དམ་དྲག་ཏུ་བཏང་སྟེ། ཝུ་རུའུ་མུའུ་ཆི་གྲོང་ཁྱེར་དུ་ཡུ་གུར་མི་རིགས་རྣམས་ལ་དུས་ངེས་མེད་དུ་ཉེན་རྟོག་པས་འདྲི་གཅོད་དང་སྔོག་བཤེར་བྱེད་མགོ་ཚུགས་ཡོད་པར་མ་ཟད། མི་མང་པོ་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ཀྱང་འབྱུང་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། གཞན་ཡང་།  ཁོང་གིས་ཤིན་ཅང་གི་གནད་དོན་ཐད་པེ་ཅིན་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཡུ་གུར་མི་རིགས་ཀྱི་དབུ་ཁྲིད་རེ་བྷེ་ཡ་ལགས་སུ་ཐད་ཀར་ཆབ་སྲིད་འབྲེལ་མོལ་གནང་དགོས་ཞེས་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ལོ་གསར་སྐབས་ཞིན་ཅང་ལ་དྲག་རྡུང་མགོ་བཙུགས་པ།

  1. ཅོ་རི་ཉི་མ།

    མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་མེད་ན་བོད་སོག་གཉིས་ཀྱིས་རྒྱ་སྦྲང་རྡུང་ཐུབ་ཀྱིས་མ་རེད། འདི་ཤེས་པའི་ཐོག་ནས་ཅི་ཡོང་གང་འཇོན་བྱེད་དགོས་རེད་སྙམ།

  2. ཨ་རིག་འགྱུར་མེད།

    ནམ་ཞིག་མི་རིགས་འདིའི་རྒྱབ་རྩར་བོད་མི་རིགས་ལངས། འདི་གཉིས་ཀས་གཅིག་གཅིག་ལ་གཡས་སྐྱོར་གཡོན་འདེགས་བྱས། དེའི་སྟེང་དུ་སོག་ཕྲུག་ཆ་བོ་ལངས། བྱུང་ན་མི་རིགས་མང་བོ་ཞིག་མཉམ་དུ་ལངས། དེ་ལྟར་མཛུབ་མོ་ལྔ་བཅིངས་ཁུ་ཚུར་བྱས་ན་ཨོ་ཙམ་མེད་འགྲོ