རྒྱ་ནག་དམངས་སྲིད་ལྷན་ཁང་གིས་ ༢༠༠༩ ལོའི་དམངས་སྲིད་ལས་དོན་སྤྱི་བསྡོམས་གསལ་བསྒྲགས་ཞེས་པའི་ནང་གནས་ཚུལ་བཏོན་པ་ལྟར་ན། ༢༠༠༩ ལོར་རྒྱ་ནག་དུ་བཟའ་ཚང་ཁྲི་ ༡༧༡ ལྷག་གཉེན་འཐོར་བྱས་ཡོད་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ ༡༠ འཕར་ཡོད་འདུག
རྒྱ་ནག་སྤྱི་ཚོགས་ཚན་རིག་གླིང་སྤྱི་ཚོགས་རིག་པའི་སློབ་དཔོན་ཆེན་མོ་ལུའུ་ཞིས་ཡུས་ཀྱིས་ཧོང་ཀོང་གི་གསར་འགོད་པའི་བཅར་འདྲིའི་སྐབས་བརྗོད་དོན། རྒྱ་ནག་ཏུ་བཟའ་ཚང་གཉེན་འཐོར་ཇེ་མང་དུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི། དེང་སྐབས་རྒྱ་ནག་གིས་བྲེལ་མྱུར་གྱི་སྒོ་ནས་སྤྱི་ཚོགས་འཚོ་བ་གྲོང་ཁྱེར་ཅན་དུ་བསྒྱུར་ཏེ་སྤྱི་ཚོགས་ཧྲིལ་བོའི་འཚོ་གནས་འགྱུར་ལྡོག་ཆེན་པོ་ཞིག་གི་དཀྱོགས་མཚམས་སུ་དེད་པ་རེད། དེར་བརྟེན་སྤྱི་ཚོགས་ཀྱི་ངོ་བོ་བརྟན་ལྷིང་མེད་པ་དང་མི་དམངས་ཀྱི་འཚོ་བ་ཟང་ཟིང་ཅན་དུ་གྱུར་ཏེ་བཟའ་ཚང་གཉེན་འཐོར་གྱི་གནས་སྟངས་ཇེ་མང་དུ་སོང་བ་རེད། མ་འོངས་པར་རྒྱ་ནག་ཏུ་སྤྱི་ཚོགས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་བསྟུན་ནས་གཉེན་འཐོར་གྱི་འཕར་ཚད་ཀྱང་སྔར་ལས་ཇེ་མང་དུ་འགྲོ་རྒྱུ་རེད་ཅེས་བརྗོད་ཡོད།
རྒྱ་ནག་དུ་གཉེན་འཐོར་གྲངས་འབོར་གྱི་ཚད་ཆེས་མང་པའི་གྲོང་ཁྱེར་ལྔ་ནི། པེ་ཅིན་གྲོང་ཁྱེར་གྱི་གཉེར་འཐོར་གྲངས་འབོར་ནི་བརྒྱ་ཆ་ ༣༩ དང་། ཧྲང་ཧེ་ཡི་གྲངས་འབོར་ནི་བརྒྱ་ཆ་ ༣༨། ཧྲིན་ཀྲིན་ཏུ་བརྒྱ་ཆ་ ༣༦། ཀུང་ཀྲིག་ཏུ་བརྒྱ་ཆ་ ༣༥། ཞྭ་མིན་ཏུ་བརྒྱ་ཆ་ ༣༤ བཅས་ཡིན་པ་རེད།