དམངས་གཙོའི་ཞབས་ཞུའི་རྟགས་མ་འབུལ་རྒྱུ་རེད།

ལོ་གཉིས་ཀྱི་གོང་དུ་༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་ཕུལ་བ་བཞིན། ཐེངས་འདིར་ཨ་རིའི་རྒྱལ་ཡོངས་དམངས་གཙོའི་ཐེབས་རྩ་ཁང་གིས་༧གོང་ས་མཆོག་ལ་དམངས་གཙོའི་རྟགས་མའི་རྟགས་མ་འབུལ་རྒྱུ་རེད།

རྟགས་མ་འདི་ནི་༧གོང་ས་མཆོག་གིས་སྐུ་ཚེ་འདིར་དམངས་གཙོའི་རྩ་དོན་དང་འགྲོ་བ་མིའི་ཆེ་མཐོང་གི་ཕྱོགས་སུ་ཐུགས་དམ་འགྱུར་མེད་ཀྱིས་ཕྱག་ལས་རྒྱུན་སྐྱོང་གནང་བར་ངོས་འཛིན་གནང་བའི་རྣམ་པའི་ཐོག་ནས་འབུལ་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་ལ། ཕྱི་ཚེས་ ༡༩ ཉིན་ཝ་ཤིན་ཊོན་གྱི་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དུ་གཟེངས་རྟགས་འདི་འབུལ་རྒྱུའི་མཛད་སྒོ་གྲ་སྒྲིག་གནང་ཡོད་འདུག

ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་ཀྱི་མཇལ་འཕྲད་དེ་མང་ཚོགས་ཡོངས་བསྒྲགས་ཀྱི་རྣམ་པ་མིན་ཚུལ་བརྗོད་ཀྱིན་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་ཐེངས་འདིར་ཝ་ཤིན་ཊོན་དུ་མང་ཚོགས་ཡོངས་བསྒྲགས་ཀྱི་མཛད་རིམ་སྣ་གཅིག་ཡོད་པ་ནི་དམངས་གཙོའི་ཞབས་ཞུའི་རྟགས་མ་འབུལ་རྒྱུ་འདི་གཅིག་པུ་ཡིན་ཚུལ་འདུག

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

5 thoughts on “དམངས་གཙོའི་ཞབས་ཞུའི་རྟགས་མ་འབུལ་རྒྱུ་རེད།