གསུམ་བཅུའི་དུས་དྲན་ཐེངས་ ༥༡ པ་དང་བསྟུན་ཏེ། ཨ་རི་དང་ཁེ་ན་ཊ། ཨོ་སི་ཊོ་ལེ་ཡ་སོགས་ནས་ཕེབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་ཆུང་ཞིག་དང་གསར་འགོད་པ་དང་རྩོམ་པ་པོའི་ཚོགས་ཆུང་ཞིག་བཅས་ཁག་གཉིས་དང་། སོག་པོའི་བླ་མ་ཏེ་ལོ་བ་དང་ཤེས་རིག་བློན་ཆེན་གཉིས་ཀྱི་སྣེ་ཁྲིད་འོག སོག་པོ་ཁཱེལ་མིག་ནས་ཕེབས་པའི་གཟིགས་སྐོར་ཚོགས་ཆུང་གཅིག ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་སྡེ་ཚན་གྱི་སྐུ་ཚབ་ཁག་ཅིག་བཅས་བཞུགས་སྒར་ངྷ་རམ་ས་ལར་ཆེད་ཕེབས་གནང་ཡོད་སྟབས། ཕྱི་ཚེས་ ༨ ཉིན་གྱི་གྲོས་ཚོགས་མགོ་འཛུགས་སྐབས། ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམས་གྲོས་ཚོགས་ནང་གཟིགས་སྐོར་དུ་ཕེབས་ཡོད་ལ། ཕྱི་ཚེས་ ༩ ཉིན་རྒྱ་རིགས་གསར་འགོད་པའི་ཚོགས་ཆུང་དང་སོག་པོའི་སྐུ་མགྲོན་རྣམས་གྲོས་ཚོགས་ནང་གཟིགས་སྐོར་དུ་ཕེབས་ཡོད། དེ་རིང་རེས་གཟའ་ཕུར་བའི་སྔ་དྲོར་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ་ ༢༢ ལས་གྲུབ་པའི་ཚོགས་ཆུང་དེ་གྲོས་ཚོགས་ནང་གཟིགས་སྐོར་དུ་ཕེབས་སོང་།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།