ཅེག་ཏུ་གསུམ་བཅུའི་དུས་དྲན་སྲུང་གཙི།

གསུམ་བཅུའི་དུས་དྲན་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་བརྡལ་ཚོགས་ཁང་གྲངས་ ༣༦༤ ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་འདུག

ཐེངས་འདིར་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་བོད་ཀྱི་རྒྱལ་དར་བསྒྲེངས་པ་དེ་དག་ས་གནས་དེའི་ཚོགས་མི་དང་གཞུང་འབྲེལ་དཔོན་རིགས་ཚོས་བསྒྲེངས་བ་མིན་ཚུལ་གཞུང་ཕྱོགས་ནས་བཤད་ཡོད་འདུག ཕྱོགས་གཞན་ཞིག་ནས་ཉིན་དེར་ཡུལ་དེའི་ལྗང་ཁུ་ཚོགས་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་གཙི་ཆེད་ཚོགས་པའི་ལས་ཁུངས་ཀྱི་སྒེའུ་ཁུང་མདུན་ལ་བོད་ཀྱི་རྒྱལ་དར་བསྒྲེངས་ཡོད་པ་དང་། དེ་ནི་བོད་མི་ཚོས་རང་གི་ཐོབ་ཐང་དང་ངོ་བོ་སྲུང་སྐྱོབ་ཆེད་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་བྱེད་བཞིན་པར་རྒྱལ་དར་བསྒྲེངས་འཛུགས་ཀྱིས་རྒྱབ་སྐྱོར་བྱས་པའི་རྒྱལ་སྤྱིའི་ལས་འགུལ་ཞིག་ཡིན། ལྗང་ཁུ་ཚོགས་པས་གྲོས་ཚོགས་འོག་མའི་སོ་སོའི་རྐུབ་སྟེགས་སྟེང་དུའང་བོད་ཀྱི་རྒྱལ་དར་བསྒྲེངས་ཡོད་འདུག་ལ། ཚོགས་པ་དེས་རྒྱལ་ཁབ་དང་ཚོགས་པ་གང་ལ་བཙན་གནོན་དང་གཏོར་བཤིག་གི་དཀའ་ངལ་ཡོད་ན་བཙན་གནོན་གཏོང་མཁན་དེར་ངོ་རྒོལ་བྱེད་ཀྱི་ཡོད་འདུག

ཐེངས་འདིར་རྒྱལ་ས་  Prague པུ་ར་གུ་གྲོང་བརྡལ་མང་ཆེ་བས་ལས་འགུལ་གྱི་ཆ་ཤས་བླངས་ཡོད་པ་མ་ཟད། དེའི་ནང་གི་གྲོང་བརྡལ་གསུམ་གྱིས་ ༡༩༩༦ ལོ་ནས་ཐོག་མར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་མ་ཟད། འདི་ནི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ཐེངས་ ༡༥ པ་དེ་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

7 thoughts on “ཅེག་ཏུ་གསུམ་བཅུའི་དུས་དྲན་སྲུང་གཙི།

  1. གསུམ་དུས་ཉིན་གཞུང་ཞབས་སྲི་ཞུ་བ་ཁག་ཅིག་ཀང་རའི་བེ་ཤ་ཚོང་ཁང་ནང་དུ་འཆམ་ནས་བསྡད་འདུག་ཟེར། ད་དུང་ཁོ་ཚོའི་ཁྲོམ་སྐོར་དུ་འགྲོ་བ་ནི་བོད་གཞུང་གི་ལང་ཕྱོགས་མིན་པས་ལས་བྱེད་ཚོ་ལ་འགན་ཡོད་པ་མ་རེད་ཟེར། འདི་ཚོས་ཕལ་ཆེར་བོད་ཀྱི་སྤྱི་འབངས་ཤིག་ཡིན་པ་ཡང་བརྗེད་ཡོད་ས་རེད་ལ། འདི་ཚོའི་ཆབ་སྲིད་གོ་རྟོགས་ཧ་ལས་པ་མ་རེད་དམ།
    དངོས་གནས་འདི་དག་ལས་རྒྱུ་འབྲས་ལ་འགྲོ་གི་རེད་དམ། ༸གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་གྲངས་ལ་ཕེབས་ཀྱང་ད་དུང་མཛད་སྒོ་སྟེང་ཡོང་ནས་གསུང་འཕྲིན་དངོས་སུ་སྒྲོག་སྦྱང་གནང་བ་དང། ཐུགས་རྗེ་ཆེ་ཞུ་ས་ཐུགས་རྗེ་ཞུ། འབོད་སྐུལ་ཞུ་དགོས་ས་འབོད་སྐུལ་ཞུ། གཞུང་གྲོན་ཧིན་སྒོར་ས་ཡ་བདུན་ཅུ་ལྷག་སྤྲད་ཀྱང་གཞུང་ཞབས་སྲི་ཞུ་བ་ཚོས་ཐོབ་ཐང་རྩོད་རྒྱུ་ལས་སྤྱི་འབངས་འགན་མི་ཁུར་བ་འདི་ཐབས་སྐྱོ་བོ་མ་རེད་དམ། ལྷག་བསམ་གྱི་ཕོངས་པ་འདི་དག་༸གོང་ས་མཆོག་གིས་་ཚེ་རབས་ནས་ཚེ་རབས་རྗེས་སུ་འཛིན་གྱི་རེེད་དམ། དགའ་ལྡན་ཕོ་བྲང་གི་སྲི་ཞུ་བའི་གོ་རྟོགས་ཅི་འདྲའི་སྐྱོ་བ་ལ། ཨ་ཨ་་་་་༌༌༌༌༌༌༌༌༌༌༌༌