ཧོང་ཀོང་གི་བོད་དོན་སྐད་འབོད།

ཕྱི་ཚེས་ ༡༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན།  ཚེས་ ༡༣ ཉིན་ཧོང་ཀོང་དུ་ཡོད་པའི་རྒྱ་ནག་ལས་ཁུངས་མདུན་དུ་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠ མཉམ་འཛོམས་ཀྱིས་མེར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་མ་ཟད། རང་ལོ་ ༢༡ ཡིན་པའི་གཞོན་ནུ་ཞིག་གིས་རྒྱ་ནག་ལས་ཁུངས་ཀྱི་སྒོ་ཆེན་དེའི་ཐོག་བོད་ཀྱི་རྒྱལ་དར་བསྒྲེང་རྩིས་བྱེད་སྐབས་ཧོང་ཀོང་ཉེན་རྟོག་པས་ཁོང་ལ་རྡུང་རྡེག་བཏང་སྟེ་བཙོན་འཇུག་བྱས་འདུག་ལ། རྗེས་སུ་ཧོང་ཀོང་ཌོ་ལར་ ༥༠༠ ཆད་པ་བཅད་དེ་གློད་གྲོལ་བཏང་ཡོད་འདུག དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཧོང་ཀོང་གཞུང་གིས་ས་གནས་ཀྱི་ལས་འགུལ་སྤེལ་རིགས་ལ་དམ་དྲག་ཤུགས་ཆེར་བྱེད་པ་དང་། རྒྱ་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་བ་རྣམས་གློད་གྲོལ་དགོས་པའི་བསམ་འཆར་སོཊ་བཏོན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

4 thoughts on “ཧོང་ཀོང་གི་བོད་དོན་སྐད་འབོད།

  1. ཧོར་བུ་ཡེ་ཤེས

    ཁྲོམ་སྐོར་བྱས་མཁན་གྱི་མི་༢༠དེ་རྒྱ་རིགས་ཡིན་ནམ།ད་ཧོ་ཀོང་ནང་རྒྱ་གཞུང་གི་ནུས་པ་ཆེན་པོ་ཡོང་ཚར་བ་འདྲ།སྙིང་རྗེ་རྡུང་རྡེག་རེག་པའི་མི་དེ་སྐུ་ལུས་ལ་སྐྱོན་བཏང་མེད་ན་ཡག་པོ་རེད།

  2. ཅོ་རི་ཉི་མ།

    མི་དམངས་མང་གཙོ་སྲིད་དབང་གཅིག་བསྡུས་ལམ་ལུགས་བརྒྱ་ཆ་༢༥་ཤི་ཚར་བ་ཡིན་པར་འདྲ། མ་རེད་དམ།
    ཤི་དགོས་པའི་ལམ་ལུགས་ཤི་རོགས་བྱེད་ན་ཡག་པོ་རེད།