ལྷག་དཀར་དམ་བཅའ།

ལྷག་དཀར་དམ་བཅའ།

༡༽ ལས་གཞི་འདིའི་ངོ་བོ།
ལྷག་དཀར་དམ་བཅའ། ཞེས་བའི་ལས་གཞི་ཆུང་ཆུང་འདི་ནི་བོད་ཕྱི་ནང་གཉིས་ནས་མ་སྐུལ་དང་བླང་གིས་བྱུང་བའི་། ང་བོད་ཡིན། ཞེས་པའི་སྒྲུབ་བྱེད་ལས་འཕྲོས་བའི་ཉིན་རེ་འཚོ་བའི་ནང་དུ་རང་ཉིད་བོད་རིགས་གཙང་མ་ཞིག་ཡིན་པའི་དྲན་ཐོ་ལྟ་བུ་ཡིན་ལ། ལས་འཆར་ཆུང་ཆུང་འདི་རྒྱུད་ནས། ད་ལྟའི་ཆར་རང་ཉིད་ལ་བོད་མིའི་ངོ་བོ་དང་ཁྱད་ཆོས་གང་ཡོད་པ་། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས་རང་གི་མི་རབས་ཚ་རྒྱུད་དང་བཅས་པའི་བོད་གངས་ཅན་པའི་ངོ་བོ་སྐལ་བའི་བར་ཏུ་སྐྱོང་བའི་ཐབས་ལམ། ལས་སླ་དོན་ལྡན་ཞིག་ཡིན།
༢༽ རེ་བ།
གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་རེ་འདུན་དྲག་པོ་ལྟར་དུ།  ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་རྒྱ་ནང་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ནད་བརྒྱ་སྨན་གཅིག་ཏུ་དགོངས་ནས་ལྷག་དཀར་གྱི་ལས་གཞི་འདི་དབུ་བརྙེས་བ་ཡིན་ལ། བོད་མི་སྤུན་ཟླ་གང་མང་ལས་འཆར་འདིའི་ནང་དང་བླང་གིས་འཛུལ་ཞུགས་གནང་རྒྱུ་དང་། གཞུང་སྒེར་གཉིས་ཕན་གྱི་དམ་བཅའ་བདུན་ཡོངས་སུ་སྲུང་བའམ། ཡང་ན་སྣ་གཅིག་ཙམ་ཡིན་ཡང་གཙིགས་སུ་བཟུང་ནས་དང་ལེན་བྱེད་རྒྱུར། པུས་མོའི་ལྷ་ང་ས་ལ་བཙུགས་ནས་ལག་ཟུང་གི་ཐལ་མོ་སྙིང་ཁར་སྦྱར་ཏེ་རེ་འདུན་གྲང་མེད་བྱེད་ཀྱིན་ཡོད།
ལྷག་དཀར་དམ་བཅའ་ཁག
    •    ང་བོད་ཡིན། དེ་རིང་ནས་བཟུང་ངེད་གྱི་མི་ཚང་ནང་བོད་སྐད་གཙང་མ་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་ང་རང་བོད་མི་དང་འཕྲད་སྐབས་བོད་སྐད་གཙང་མ་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་མ་ཤི་བར་དུ་རང་ཉིད་བོད་མི་ཞིག་ཡིན་པ་ཉིན་རེར་དྲན་པ་བྱེད་ རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་གཟའ་ལྷག་པའི་ཉིན་བོད་ལ་གོན་ནས་འགྲོ་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་གཟའ་ལྷག་པའི་ཉིན་བོད་སྐད་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་ངའི་བོད་ཡིག་སྦྱང་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་བོད་པར་བཏང་པའི་འཕྲིན་ཡིག་དང་ཁ་པར་གང་ཡིན་ཡང་བོད་སྐད་དང་བོད་ཡིག་བེད་སྤྱད་བྱེད་རྒྱུ་ཡིན།

ལྷག་དཀར་ནས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

22 thoughts on “ལྷག་དཀར་དམ་བཅའ།

  1. གངས་ཁྲོད་ཀྱི་བྱིས་པ་ལགས་དང་པོ་རང་ཉིད་ཀྱིས་གོམ་པ་སྤོ་དགོས་ཞེས་པ་ནི་ལྷག་དཀར་དམ་བཅའི་ལས་ཀྱི་སྣེ་མོ་བ་རྣམས་ལ་ཞུ་ཡི་ཡོད། དེས་དེང་སང་སྤྱི་སྒེར་མང་པོའི་ཚོགས་པའི་ལས་སྣེ་དུ་མས་སྐད་ཆ་རྫིག་པོ་བཤད་པ་ལས་རང་ངོས་ནས་ལག་སྟར་བྱེད་ཀྱི་མེད། དེ་ལྟར་མི་ཡོང་བའི་འབོད་བསྐུལ་ཞུས་པ་ལས་ཕ་སྐད་གཙང་མ་བོད་མི་བྱེ་བྲག་འགའ་ཤས་ལས་གངས་པ་ཐུན་མོང་གིས་ལོངས་སུ་སྤྱོད་མི་དགོས་ཞེས་བཤད་རྒྱུ་མ་བྱུང་། ད་ཁྱེད་ལ་ཐུགས་དོགས་ཅི་མཆིས་ལགས།

  2. སྤོབས་པ་མཐའ་ཡས།

    ལྷག་དཀར་ཟེར་བའི་ཚིག་སྡུད་རྒྱག་སྟངས་དེར་གཅིག་ལྟོས་དང་། ཁྱོད་ཚོས་ང་བོད་ཡིན་མི་ཟེར་བའི་དཔང་རྟགས་གཙང་མ་བསྟན་ཚར་འདུག་གོ། ལྷག་དཀར་ཡིན་ནམ་དེ་ག་རེ་རེད།

  3. འབྲོག་རུ་ཆོས་གྲགས།

    དངོས་གནས་ཡག་པོ་རེད།
    ཕྱི་ཕྱོགས་ནས་བོད་གཞུང་གི་ལས་ཁུངས་ཁག་གཙོས་ཚོགས་སྡེ་དང་མི་མང་གིས་ཀྱང་ལས་དོན་འདིར་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད།