འགད་རྫས་གཏོར་ཏེ་མི་ ༣༦ བསད་པ།

ར་ཤི་ཡའི་བུད་མེད་གཉིས་ཀྱིས་རང་སྲོག་བློས་གཏོང་གིས་ས་འོག་མེ་འཁོར་ལམ་ནས་འགད་རྫས་གཏོར་ཏེ་མི་ ༣༦ བསད་འདུག

དེ་རིང་ཞོགས་པ་དུས་ཚོད་ ༨ པའི་སྔོན་ལ་མོ་སུ་ཀོའི་ས་འོག་མེ་འཁོར་ནང་དུ་མི་རྣམས་འཚང་ཁ་ཤིག་ཤིག་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་པའི་སྐབས་སུ་བུད་མེད་གཉིས་ཀྱིས་འགད་རྫས་གཏོར་ཏེ་ཉུང་མཐར་མི་ ༣༦ བསད་པ་དང་། མི་ ༣༧ ལྷག་རྨས་ཡོད་འདུག

ར་ཤི་ཡའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་འདི་གཉིས་ནི་ཁོ་ཁ་སོ་སུ་ Caucasus གྱེན་ལོག་ཚོགས་པའི་ཁོངས་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

8 thoughts on “འགད་རྫས་གཏོར་ཏེ་མི་ ༣༦ བསད་པ།

  1. གུང་དཔལ་འབར་ཐུབ་བསྟན།

    ཨོྂ་མ་ཎི་པདྨེ་ཧཱུྃ་ཧྲཱི། མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྂ་མ་ཎི་པདྨེ་ཧཱུྃ་ཧྲཱི།
    ཨོཾ་་དང་པོ་ཨ་ཡི་ལུས་དང་ཨོ་ཡི་ངག་དེ་ནས་མ་ཡི་ཡིད་བཅས་ལུས་ངག་ཡིད་གསུམ་མཚོན་པར་བྱེད་པ་དང་། ད་སྟ་ང་ཚོའི་མ་དག་པའི་ལུས་ངག་ཡིད་གསུམ་དེ་ཉིད་དག་པ་སངས་རྒྱས་ཀྱི་སྐུ་གསུམ་ཐུགས་ཀྱི་ངོ་བོར་ཇི་ལྟར་སྒྲུབ་དགོས་སམ་ཞེ་ན།དེ་ཉིད་སྒྲུབ་པར་བྱེད་པའི་ཐབས་སམ་ལམ་ནི་ཡི་གེ་ཕྱི་མ་རྣམས་ཀྱི་མཚོན་པར་བྱེད་ཀྱི་ཡོད།
    མ་ཎི་་་ཞེས་པ་ནི་ནོར་བུ་ལ་གོ་བ་ཡིན་འདིས་དང་པོ་བྱང་ཆུབ་ཀྱི་སེམས་་་་གཉིས་པ་སྙིང་རྗེ་ཆེན་པོ་་་་གསུམ་པ་བྱམས་པ་བཅས་ཡིན།དཔེར་ན།་་་་ནོར་བུས་དབུལ་ཕོངས་སེལ་བའི་ནུས་པ་ཡོད་པབཞིན་དུ་བྱངབ་ཆུབ་སེམས་ཀྱིས་སྲིད་པ་འཁོར་བ་དང་ཞི་བ་ཕྱོགས་གཅིག་པའི་སྐྱོན་མཐའ་དག་སེལ་ནུས།ནོར་བུས་སེམས་གྱི་རེ་བ་སྐོང་བ་བཞིན་དུ་བྱང་ཆུབ་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད།
    པདྨེ་་་་ཞེས་པ་མེ་ཏོག་པདྨ་རང་ལ་གོ་བ་ཡིན་ནོ་་་་དཔེར་ན་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན་དུ།ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་པ་ཡོད་པ་ཡིན།དེའི་དབང་གིས་རང་ཉིད་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པར་གནས་ཐུབ་པ་ནི་ཡང་དག་པའི་ཤེས་རབ་ལ་བརྟེན་ནས་བྱུང་བ་ཡིན།
    ཧུཾ་་་་ཞེས་པའི་ངོ་བོ་དབྱེར་མེད་བསྟན་གྱི་ཡོད།རང་རྒྱུད་ཀྱི་སྐྱོན་དག་པ་དེ་ཡང་ངེས་པར་དུ་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཟབ་མོ་སྟོང་པ་ཉིད་རྟོགས་པའི་བློ་བཅས་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད།
    དེར་བརྟེན།ཨོཾ་མ་ཎི་པདྨེ་ཧུཾ།ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཟུང་འབྲེལ་ལམ་གྱི་ཉམས་ལེན་ལ་བརྟེན་ནས་།རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན་གྱི་ཡོད།
    ༡་་་འདོར་བསྡུས་ན།་་པདྨ་ནོར་བུ་འཛིན་པ་བདག་ལ་སྐྱོབས་རོགས་གནང་ཞེས་ཟེར་བ་ཡིན།་་་་ ༢་་་་དེ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་ལ་ནོར་བུ་དང་པདྨ་བསྣམས་ཡོད་པས།པདྨ་ནོར་བུ་འཛིན་པ་ཞེས་ཞུ་བ་ཡི་ནོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣གཡོ་རྒྱུས་ལེན་པ།

    གང་ལྟར་ཀྱེ་ནོར་བུ་པདྨ་བསྣམས་པའི་སྤྱན་རས་གཟིགས།བདག་སོགས་སེམས་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བསྐུལ་བ་ཡིན་ནོ།་
    དཔེ་དེབ་ཞིག་ནས་བྲིས།

  2. གཞིས་ལུས་བོད་པ།

    ༄༅།།ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ།

  3. སྣང་བ་ཐབས་ཅད་སེམས་ཀྱི་ཆོ་འཕྲུལ་བཟང་ངན་ཡོད་ཚད་སེམས་ཀྱིས་འཛིན་ཚུལ་རེད་ཅེས་པ་དངོས་གནས་བདེན་པ་ཞིག་སྟེ། གོང་གི་བུ་སྨན་གཉིས་དང་ཁོང་གཉིས་ཀྱི་བྱ་སྤྱོད་ལ་རེ་འགས་སྙིང་རྗེ་དང་རེ་འགས་ཁོང་ཁྲོ། རེ་འགས་བསྔགས་བརྗོད་དང་རེ་འགས་ངན་སྨྲས་སོགས་ཅི་རིགས་བྱེད་བཞིན་ཡོད། དེ་དག་སོ་སོ་ལ་རྒྱུ་མཚན་མང་དག་རེ་བཤད་ཀྱི་ཡོད་པས་གང་ཞིག་བདེན་མིན་གྱི་དབྱེ་བ་འབྱེད་རྒྱུ་ནི་ཧ་ཅང་དཀའ་བའི་གནས་སུ་གྱུར་པས་གུས་པས་འདི་ཡིན་གྱི་བཤད་ཚོད་མ་ཟིན།